[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>བོད་རིག་པའི་གསར་འགྱུར།
  • མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ནང་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་མིའི་རིགས་ཀྱི་བྱེད་སྒོའི་འབྲེལ་ཡོད་རྗེས་ཤུལ་ཁག་ཉེར་དྲུག་གསར་དུ་རྙེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-24

    གསར་འགོད་པར་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། 2019ལོའི་ལོ་འཁོར་གྱི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཀྱི“ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་མིའི་རིགས་ཀྱི་བྱེད་སྒོའི་ལོ་རྒྱུས་དང་ཤུགས་རྐྱེན”གྱི་ཆེད་དོན་ཞིང་ནང་བརྟག་དཔྱད་ལས་དོན་བདེ་བླག་ངང་སྤེལ་མཇུག་འགྲིལ་བ་རེད། ད་ཐེངས་ཚན་རིག་རྟོག་ཞིབ་བྱེད་རིང་། ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་མིའི་རིགས་ཀྱི་བྱེད་སྒོའི་རྗེས་ཤུལ་ཁག་26གསར་དུ་རྙེད་པ་དང་། དེའི་ནང་རིག་གནས་ནང་དོན་ལྡན་པའི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་གནའ་རྫས་རྟོག་ཞིབ་རྗེས་ཤུལ་ཁག་13ཡོད་པར་ཞིབ་འཇུག་གི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    ཚན་རིག་རྟོག་ཞིབ་རུ་མིས་ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་སྟོད་རྒྱུད་ཀྱི་ཆུ་གཞུང་དང་མྱང་ཆུ་དང་རྡོ་གཞུང་གཙང་པོ་སོགས་ཆུ་ཕྲན་རྒྱུག་ཁུལ་དུ་བརྟག་དཔྱད་བྱས་པ་རེད། དེ་དག་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་དང་། རྒྱལ་རྩེ། གྲོ་མོ། སྐྱིད་གྲོང་། ས་དགའ། འབྲོང་པ་སོགས་རྫོང(ཆུས)16གི་སྤྱི་ལེ་ངོས་གྲུ་8000ཙམ་ཟིན་པའི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་དུས་སྐབས་ཀྱི་མིའི་རིགས་ཀྱི་བྱེད་སྒོའི་རྗེས་ཤུལ་ཁག་58དང་འབྲེལ་བ་ཡོད་པ་དང་། གསར་དུ་རྙེད་པའི་རྗེས་ཤུལ་ཉེར་དྲུག་ཡོད་པ་དེའི་ནང་རྗེས་ཤུལ་13ལ་གནའ་མིའི་བྱེད་སྒོ་ལས་བཞག་པའི་རིག་གནས་ཀྱི་ཤུལ་ཡོད་པ་རེད།

    མིག་སྔར། ཚན་རིག་རྟོག་ཞིབ་རུ་ཁག་གིས་ཞིང་ནང་བརྟག་དཔྱད་དང་མ་དཔེ་འཚོལ་བསྡུའི་ཐོག་མའི་ལེགས་སྒྲིག་ལས་དོན་ལེགས་སྒྲུབ་བྱས་ཡོད་པ་རེད། གོམ་སྟབས་རྗེས་མར། ད་དུང་རྗེས་ཤུལ་རིག་གནས་ཀྱི་ས་ངོས་ཁག་13ནས་འཚོལ་བསྡུ་བྱས་པའི་རྡོ་སོལ་དང་རྫ་ལེབ་སོགས་ཀྱི་མ་དཔེར་དབྱེ་ཞིབ་དང་ཚད་ལེན་བྱེད་རྒྱུ་དང་། རྡོ་ཆས་ས་ཚིགས་26ནས་འཚོལ་བསྡུ་བྱས་པའི་བྲག་རྡོ་གཡང་ཊི་དང་ཆུ་ཤེལ་སོགས་རྡོ་རྒྱུ་ཚུད་པའི་རྡོ་ཆས་1142ལ་དུས་མཇུག་གི་དཔྱད་ཡིག་ལེགས་སྒྲིག་བྱེད་པ་དང་ཆབས་ཅིག་རྡོ་ཆས་ཐོག་བརྐོས་པའི་གནའ་མིའི་བྱེད་སྒོའི་ཆ་འཕྲིན་གསལ་འགྲེལ་བྱེད་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།