[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>བོད་རིག་པའི་གསར་འགྱུར།
  • བོད་ཀྱི་ཤར་ལྷོའི་རྒྱུད་ནས་སྔ་མོའི་མིའི་རིགས་འཚོ་གནས་ཀྱི་རྗེས་ཤུལ་རྙེད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-19

     ཉིན་ཤས་གོང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པར། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་དང་། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ། ལན་ཀྲོའུ་སློབ་ཆེན། ནུབ་བྱང་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན་སོགས་ཚན་པའི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་མཉམ་འབྲེལ་ཚན་རིག་རྟོག་ཞིབ་རུ་ཁག་གིས་2018ལོའི་ཟླ་10ཚེས་29ཉིན་ནས་བཟུང་། ཟླ་གཅིག་ཙམ་གྱི་དུས་ཚོད་ནང་མཚོ་བོད་ས་མཐོའི་བོད་ཤར་ལྷོའི་རྒྱུད་ཀྱི་མིའི་རིགས་ཀྱི་འཚོ་གནས་རྗེས་ཤུལ་དང་དེ་བཞིན་འཚོ་གནས་ཁོར་ཡུག་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཀྱི་དུས་མཚམས་དང་པོའི་ཐང་སྟོང་རྟོག་ཞིབ་ལས་དོན་ཐེངས་གཉིས་པ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚན་རིག་རྟོག་ཞིབ་རུ་ཁག་གིས་སྔ་རྗེས་སུ་ལྷ་སའི་སྐྱིད་ཆུ་དང་། ཡར་ལྷ་ཤམ་ཆུ། ཉང་ཆུ་བཅས་དང་དེ་བཞིན་ཡར་ཀླུང་གཙང་པོ་རྒྱུག་ཁུལ་སོགས་དེ་སྔའི་རྡོ་ཆས་འཚོལ་བསྡུའི་གནས་དང་རྡོ་ཆས་གསར་པའི་དུས་རབས་ཀྱི་རིག་གནས་གནའ་ཤུལ་ས་ཚིགས་སུ་བརྟག་དཔྱད་བྱས་པས་མིའི་རིགས་ཀྱི་འཚོ་གནས་རྗེས་ཤུལ་ཁྱོན་40རྙེད་པ་ལས་རྗེས་ཤུལ་24ནས་སྔ་དུས་མིའི་རིགས་ཀྱི་འཚོ་སྡོད་གནའ་ཤུལ་གྱི་དངོས་དཔེ་རྙེད་པར་རྫ་ལྷེབ་འབོར་ཆེན་དང་། རྡོ་བཟོས་དངོས་རྫས་ཉུང་ཤས། སོལ་བ། སྲོག་ཆགས་ཀྱི་ཀེང་རུས་དང་དེ་བཞིན་མིའི་ཀེང་རུས་ཐར་ཐོར་བཅས་ཡོད། དེའི་ནང་ལྷོ་ཁའི་འཕྲེང་སྒོ་གནའ་ཤུལ་དང་། སྤོ་བོ་རྫོང་གི་མཁར་སྟེང་གནའ་ཤུལ། ཉིང་ཁྲིའི་ཀླུ་སྟེང་གྲོང་ཚོ། ཉིང་ཁྲི་གྲོང་ཚོ(ཉི་ཁྲི་གྲོང་ཚོ) རྒྱུད་མོ(བྲག་སྒོར་རྭ་གྲོང་ཚོ)གནའ་ཤུལ། རྒྱ་ལ་མ་གནའ་ཤུལ་བཅས་ནས་གནའ་རྫས་མི་ཉུང་བ་ཞིག་རྙེད་པ་རེད།

    ཉིང་ཁྲིའི་ཀླུ་སྟེང་གྲོང་ཚོ་ནི་ད་རེས་ཚན་རིག་རྟོག་ཞིབ་རུ་ཁག་གིས་གསར་དུ་རྙེད་པའི་མིའི་རིགས་ཀྱི་འཚོ་གནས་ཀྱི་རྗེས་ཤུལ་ཡིན་པ་དང་རིག་གནས་ཀྱི་ངོས་3གཙང་སེལ་བྱས་པར་བརྟེན་རྫ་ལྷེབ་དང་། རྡོ་བཟོས་དངོས་རྫས། སྲོག་ཆགས་ཀྱི་ཀེང་རུས། སོལ་བ་སོགས་རྙེད་ཡོད། གཞན་ཡང་ས་ཆ་དེའི་ཤར་ལྷོའི་རྒྱུད་ནས་གཏོར་སྐྱོན་ཐེབས་པའི་བང་སོ་ཞིག་རྙེད་པ་དང་ཆར་རླུང་གི་རྐྱེན་པས་མིའི་ཀེང་རུས་ཁག་གཅིག་ཀྱང་ཕྱིར་མངོན་ཡོད་པ་རེད། གནའ་རྫས་དེ་དག་རྙེད་པ་ལས་སྔ་དུས་ཀྱི་བོད་ཤར་ལྷོའི་རྒྱུད་ཀྱི་མིའི་རིགས་ཀྱི་འཚོ་གནས་ལོ་རྒྱུས་ཁ་གསབ་ཐུབ་ནས་ས་མཐོའི་ཤེས་དཔལ་གྱི་སླར་གསོ་རིམ་འགྱུར་ལ་དངོས་དཔང་ནུས་ལྡན་མཁོ་འདོན་ཐུབ་རྒྱུ་རེད།

    གོམ་སྟབས་རྗེས་མར་ཚན་རིག་རྟོག་ཞིབ་རུ་ཁག་གིས་དངོས་དཔེ་སྣ་ཚོགས་ལ་ཚད་ལེན་དབྱེ་ཞིབ་བྱས་ཏེ་བོད་ཤར་ལྷོའི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་གནའ་མིའི་འཚོ་གནས་དང་འཚོ་གནས་ཁོར་ཡུག་དབར་གྱི་འབྲེལ་བར་ཞིབ་འཇུག་གཏིང་ཟབ་དང་བོད་ཤར་ལྷོའི་རྒྱུད་ཀྱི་སྣོད་བཅུད་དང་། ཁོར་ཡུག ས་དབྱིབས། འཁྱགས་རོམ་བཅས་རིམ་འགྱུར་གྱི་གནས་ཚུལ་དང་ཕྱོགས་བསྡུས་བྱས་ནས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་དེ་སྔ་རྙེད་པའི་རྗེས་ཤུལ་གྱི་ས་དབྱིབས་ས་གཤིས་སོགས་ལ་ཁ་གསབ་ཞིབ་འཇུག་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།