[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>བོད་རིག་པའི་གསར་འགྱུར།
  • རྒྱལ་ཡོངས་ཀྱི་བོད་རིག་པའི་ན་གཞོན་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-22

     ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་བོད་རིག་པའི་ན་གཞོན་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཚེས་20ཉིན་པེ་ཅིང་དུ་འཚོགས་པ་དང་། རྒྱལ་ཡོངས་ས་གནས་ཁག་གི་བོད་རིག་པའི་ཞིབ་འཇུག་གི་ན་གཞོན་མཁས་དབང་70ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

    རྒྱལ་ཡོངས་ཀྱི་བོད་རིག་པའི་ན་གཞོན་བགྲོ་གླེང་ཚོགས་འདུ་ནི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་བོད་རིག་པའི་ན་གཞོན་ལྷན་ཚོགས་ཀྱིས་གྲོས་འགོ་བཏོན་ནས་གཉེར་བའི་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ན་གཞོན་གྱི་རིག་གཞུང་ཚོགས་འདུ་ཐེངས་དང་པོ་དེ་རེད། ཚོགས་འདུའི་ཐོག“དུས་རབས་གསར་པ་དང་། བསམ་ཕྱོགས་གསར་པ། འགན་འཁྲི་གསར་པ”བཅས་བརྗོད་དོན་གཙོ་བོར་བྱས་པ་དང་། དུས་ཡུན་ཉིན་2ནང་བོད་རིག་པའི་རྨང་གཞིའི་ཞིབ་འཇུག་དང་། སྐད་ཡིག་རིག་གནས། བོད་ལུགས་གསོ་རིག་ཞིབ་འཇུག་སོགས་ཆེད་དོན་ལ་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལས་དོན་ལ་སྔར་བས་སྣེ་ཁྲིད་དང་མཐུན་སྦྱོར་བྱེད་པ་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་ཆེད་སྤྱད་པའི་གསར་གཏོད་རང་བཞིན་གྱི་བྱེད་ཐབས་ཤིག་རེད། བགྲོ་གླེང་ཚོགས་འདུ་དེར་རྒྱལ་ཡོངས་ཀྱི་མཐོ་སློབ་དང་ཚན་ཞིབ་ལས་ཁུངས་ཀྱི་ན་གཞོན་མཁས་དབང་ཚོས་དང་ལེན་ཧུར་ཐག་ཞུས་ཡོད།

    ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་འགོ་ཁྲིད་གནང་བའི་རྒྱལ་ཁབ་རིམ་པའི་རིག་གཞུང་ཞིབ་འཇུག་གི་ལས་ཁུངས་ཤིག་ཡིན་ཞིང་། 1986ལོར་བཙུགས་ཚུན། ལྟེ་གནས་དེས་བོད་རིགས་ཀྱི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུར་གཞོལ་བ་དང་རྒྱལ་ནང་གི་བོད་རིག་པའི་ལས་ཁུངས་ཀྱི་མཁས་དབང་དང་འབྲེལ་བ་བྱས་ནས་རིག་གཞུང་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་བོད་རིག་པའི་བྱ་གཞག་དར་རྒྱས་བཏང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།