[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>བོད་རིག་པའི་གསར་འགྱུར།
  • མངའ་རིས་ཀྱི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ཀྱིས་ས་མཐོའི་སྔ་དུས་ཀྱི་ཤེས་དཔལ་ལམ་བུའི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གི་སྟོང་ཆ་གསབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-21

    2018ལོའི་མངའ་རིས་ཀྱི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་བརྟག་དཔྱད་དང་སྔོག་འདོན་ལས་དོན་སྤེལ་ནས་མིག་སྔའི་བར་ཟླ་བ་གཅིག་ལྷག་ཙམ་སོང་བ་དང་གད་པ་སེར་ལོ་གནའ་ཤུལ་སོགས་གནའ་རྫས་རྟོག་ཞིབ་བྱ་ཡུལ་ལྔའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དེང་སྐབས་རྒྱལ་སྤྱིའི་བོད་རིག་པའི་ལས་རིགས་ཀྱི་འབྲེལ་ཡོད་མཚོ་བོད་ས་མཐོའི་སྔ་དུས་ཀྱི་ཤེས་དཔལ་དང་ལྷག་པར་དུ་ཞང་ཞུང་དུས་སྐབས་ཀྱི་ཞིབ་འཇུག་དེ་ཚད་ལྡན་དཔྱད་ཡིག་དང་། སྐད་བརྡ་རིག་པ། ཆོས་ལུགས་རིག་པ། མིའི་རིགས་ཀྱི་རིག་པ་སོགས་རིག་ཚན་ཁྱབ་ཁོངས་བརྒྱུད་ནས་སྤེལ་གྱི་ཡོད་པ་རེད། ཟླ་7ཚེས་9ཉིན་དངོས་སུ་སྤེལ་འགོ་ཚུགས་པའི་ད་ཐེངས་ཀྱི་བརྟག་དཔྱད་དང་སྔོག་འདོན་ནི་རང་རྒྱལ་གྱིས་བོད་ལྗོངས་མངའ་རིས་སུ་གཅིག་སྡུད་སྤེལ་བའི་གཞི་ཁྱོན་ཆེ་ཤོས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་ལས་དོན་ཞིག་ཡིན་པ་དེས་མཚོ་བོད་ས་མཐོའི་སྔ་དུས་ཀྱི་ཤེས་དཔལ་ལམ་བུའི་གནའ་རྫས་ལ་རྟོག་ཞིབ་ཞིབ་འཇུག་གི་སྟོང་ཆ་གསབ་རེ་ཡོད་པ་རེད།

    “དེ་སྔོན་བྱེད་པའི་མངའ་རིས་ས་ཁུལ་དུ་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་པ་དེ་ལས་སྐབས་དེ་དུས་ཀྱི་བོད་ལྗོངས་ས་མཐོ་ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ལྷོ་མ་སོགས་མཐའ་འཁོར་ས་ཁུལ་དང་རིག་གནས་སྤེལ་རེས་རྒྱ་ཁྱབ་བྱུང་བ་མངོན་ཡོད”ཅེས་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཤར་རྒན་དབང་འདུས་ཀྱིས་བརྗོད་ཅིང་། ཁོང་གིས“བོད་ནུབ་རྒྱུད་ཀྱི་སྔ་དུས་ཀྱི་ཤེས་དཔལ་འཕོ་འགྱུར་སྐོར་སྔར་བས་ཤེས་རྟོཌ་ཡོང་ཆེད་ད་ཐེངས་ཀྱི་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་ལས་དོན་ལ་རྒྱལ་ཁབ་རིག་དངོས་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད”ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།