[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>བོད་རིག་པའི་གསར་འགྱུར།
  • སྐབས་བཞི་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྤྲད་པ།

    བོད་ལྗོངས་སློབ་ཆེན་གྱི་གྲུབ་འབྲས་ཁག་ལྔ་ལ་བྱ་དགའ་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-01

    ཉེ་ཆར་སྐབས་བཞི་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་པ་དང་བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་གྲུབ་འབྲས་ཁག་ལྔ་ལ་བྱ་དགའ་ཐོབ་པ་རེད།

    སྐབས་བཞི་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའི་ཞིབ་དཔྱད་ཨུ་ལྷན་གྱིས་གཅིག་སྡུད་ཞིབ་དཔྱད་དང་། འདེམས་ཤོག་འཕངས་ནས་བརྡས་ཐག་གཅོད་པ། ཡོངས་བསྒྲགས། གཞུང་དཔང་སོགས་གོ་རིམ་བརྒྱུད་རྒྱལ་ཡོངས་སུ་ཞིབ་དཔྱད་ནང་ཞུགས་པའི་གྲུབ་འབྲས་ཁག་57ལ་བྱ་དགའ་ཐོབ་ཡོད། བོད་ལྗོངས་སློབ་ཆེན་དཔེ་མཛོད་ཁང་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་ཞིབ་འཇུག་ཀོན་ཡོན་ཤེས་རབ་བཟང་པོས་ལེགས་སྒྲུབ་བྱས་པའི《གསར་དུ་རྙེད་པའི་བཙན་པོའི་སྐབས་ཀྱི་དམག་ཁྲིམས་ཤོག་དྲིལ་ཡིག་ཚངས་ཤིག་ངོས་སྦྱོར་ཞུ་བ》ལ་བོད་ཀྱི་རིག་གཞུང་དཔྱད་རྩོམ་རིགས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ་ཅིང་། རིག་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དབང་རྡོར་གྱིས་ལེགས་སྒྲུབ་བྱས་པའི《བཙན་པོའི་རྒྱལ་རབས་དུས་ཀྱི་རྒྱ་བོད་ཆོས་གཞུང་སྒྲ་སྒྱུར་སྐོར་རགས་ཙམ་གླེང་བ》ལ་བོད་ཀྱི་རིག་གཞུང་དཔྱད་རྩོམ་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད། དཔལ་འབྱོར་དང་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་འཇོ་མོ་མཚོས་ལེགས་སྒྲུབ་བྱས་པའི《གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རིམ་ཁྲོད་ཀྱི་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་འཚོ་གནས་གནས་ཚུལ་བརྟག་ཞིབ་དང་ཞིབ་འཇུག》ལ་རྒྱ་ཡིག་ཞིབ་འཇུག་ཆེད་རྩོམ་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད། བཟོ་སྐྲུན་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་འབྲུག་རྒྱལ་གྱིས་ལེགས་སྒྲུབ་བྱས་པའི《བོད་ཡིག་དཔེ་དེབ་རང་འགུལ་ཞུས་དག་བྱེད་སྟངས་དང་དེ་བཞིན་མ་ལག་འཆར་འགོད》ལ་རྒྱ་ཡིག་རིག་གཞུང་དཔྱད་རྩོམ་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད། རིག་གཞུང་སློབ་གླིང་གི་རྒན་བསོད་ནམས་དབང་རྒྱལ་གྱིས་ལེགས་སྒྲུབ་བྱས་པའི《སློབ་དཔོན་ཀ་མ་ལ་ཤཱི་ལའི་སྒོམ་རིམ་བར་མཐའ་གསུམ་གྱིས་བོད་ཀྱི་དབུ་མའི་ལྟ་བར་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་བ》ལ་གཞོན་ནུའི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཐོབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།