[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>བོད་རིག་པའི་གསར་འགྱུར།
  • ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་པེར་ཀྲེམ་དུ་འཚམས་འདྲི་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-29

    ཤིན་ཧྭ་གསར་འགྱུར་ཁང་པེར་ཀྲེམ་གྱི་གྲོང་ཁྱེར་ཡུས་དབྱི་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་པེར་ཀྲེམ་གྱི་ལེ་རི་ཞིང་ཆེན་ཡུས་དབྱི་གྲོང་ཁྱེར་གྱི་གྲོང་སྲིད་ཐིང་དུ་འཆད་ཁྲིད་བྱས་ཏེ་བོད་ལྗོངས་ས་ཁུལ་གྱི་མི་རིགས་ཆོས་ལུགས་སྲིད་ཇུས་དང་རིག་གནས་དང་སྣོད་བཅུད་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་པེར་ཀྲེམ་གྱི་ལས་རིགས་ཁག་གི་མི་སྣ་དང་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་དང་། བོད་ཀྱི་སྲོལ་རྒྱུན་ཆོས་ལུགས། རིག་གནས་སྲུང་སྐྱོབ། བོད་རིགས་ས་ཁུལ་གྱི་སློབ་གསོ་བཅས་དང་དེ་བཞིན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་སོགས་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།

    “བོད་ཀྱི་ལོ་རྒྱུས་དང་དོན་དངོས”ཞེས་པའི་གླེང་གཞིའི་འཆད་ཁྲིད་ནང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རིག་གཞུང་ཚན་ཁག་གི་ཨུ་ཡོན་ཧའོ་ཧྲེ་ཡོན་གྱིས་ཁུངས་བཙན་གྱི་གྲངས་གཞི་དང་པར་རིས། གསོན་ཉམས་དོད་པའི་དཔེ་བཅས་དྲངས་པའི་ཐོག་གནའ་དེང་དང་ཀྲུང་ཕྱི་བསྡུར་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་དཔལ་འབྱོར་འཛུགས་སྐྲུན་དང་། རིག་གནས་སྲུང་སྐྱོབ། སློབ་གསོའི་ལམ་ལུགས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སོགས་ཕྱོགས་མང་པོར་ཐོབ་པའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ངོ་སྤྲོད་གནང་བ་རེད།

    ཧའོ་ཧྲེ་ཡོན་གྱིས“1959ལོ་ཚུན་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་འཕེལ་རྒྱས་ལ་ཡུན་རིང་དང་དམིགས་བསལ་གྱི་རྒྱབ་སྐྱོར་གནང་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་རྒྱལ་ཡོངས་ས་གནས་ཁག་གིས་བྱེད་ཐབས་སྣ་མང་གི་ཐོག་ནས་བོད་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་འཕར་ཤུགས་འགོར་མོད། འོན་ཀྱང་ལོ་མང་རིང་བོད་ཀྱི་GDPགྲངས་གནས་གཉིས་འཕར་རྒྱུ་རྦད་དེ་རྒྱུན་འཁྱོངས་བྱུང་བ་དང་2016ལོར་11.5%ཟིན་ཡོད། ཀྲུང་གོ་སྲིད་གཞུང་གི་ངོས་ནས་བརྗོད་ན། ཀྲུང་གོའི་དེང་རབས་ཅན་ནི་ཀྲུང་གོའི་ས་ཁུལ་ཡོད་དོ་ཅོག་དེང་རབས་ཅན་དུ་འགྱུར་བ་བྱ་རྒྱུ་དེ་ཡིན་པ་དང་ཀྲུང་གོའི་འདྲ་མཉམ་ནི་མི་རིགས་56ཚང་མ་འདྲ་མཉམ་ཡོང་བ་བྱས་ཏེ་མི་རིགས་གཅིག་ཀྱང་མ་ལུས་པ་བྱ་རྒྱུ་དེ་ཡིན”ཞེས་གསུངས་པ་རེད།

    ཕན་ཚུན་སྤེལ་རེས་བྱེད་སྐབས་ཁེ་ལུའོ་ཏེ·ཨོ་ནུའོ་ལེ་ཟེར་བའི་གསན་པ་པོ་ཞིག་གིས“ལོ་བཅུའི་གོང་ང་ཀྲུང་གོར་བསྐྱོད་རྒྱུའི་བསམ་བློ་མེད། ཨ་རི་ནི་སྐྱོད་འདོད་ཤོས་ཀྱི་ས་ཆ་ཡིན། ད་ཆ་ཀྲུང་གོར་ཡུལ་སྐོར་དུ་བསྐྱོད་འདོད་ཆེན་པོ་འདུག”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཡོ་རོབ་ཏུ་འཚམས་འདྲི་གནང་རིང་གཙོ་བོ་ཡོ་རོབ་ཀྱི་ས་གནས་དེ་གའི་སྲིད་ཕྱོགས་དང་། སྨྱན་སྦྱོར། རིག་གཞུང་ལས་རིགས་བཅས་དང་ཕན་ཚུན་སྤེལ་རེས་བྱ་རྒྱུ་མ་ཟད། བྱེད་ཐབས་སྣ་མང་གི་ཐོག་ནས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་གནས་ཚུལ་ངོ་མ་དང་ལྷག་པར་དུ་བོད་ཀྱི་སྤྱི་ཚོགས་ལ་བྱུང་བའི་འགྱུར་ལྡོག་དང་འོད་ཟེར་ལྡན་པའི་མདུན་ལམ་ངོ་སྤྲོད་གནང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།