[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>བོད་རིག་པའི་གསར་འགྱུར།
  • སི་ལོ་ཝ་ཁེ་ཡར་ཀྲུང་གོའི་བོད་ཀྱི་རིག་གནས་བགྲོ་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-23

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་གོའི་བོད་ཀྱི་རིག་གནས་བགྲོ་གླེང་ཚོགས་འདུ་སི་ལོ་ཝ་ཁེ་ཡའི་རྒྱལ་ས་པི་ར་ཐི་སི་ལ་ཝར་འཚོགས་ཤིང་། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་བགྲོ་གླེང་ཚོགས་འདུའི་ཐོག་བོད་ཀྱི་ལོ་རྒྱུས་དང་། རིག་གནས། ཆོས་ལུགས། དེང་རབས་ཀྱི་འཕེལ་རྒྱས་བཅས་ཁྱོན་ཡོངས་ནས་ངོ་སྤྲོད་བྱས་ཏེ། དེང་དུས་བོད་ཀྱི་རྣམ་པ་མཚོན་པར་བྱས་པ་རེད།

    འཐུས་མི་ཚོགས་པའི་ཚོགས་གཙོ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་གྱིས་བགྲོ་གླེང་ཚོགས་འདུའི་ཐོག སྤེལ་རེས་ཀྱི་བྱེད་སྒོ་དེ་བརྒྱུད་ནས་དངོས་ཡོད་ཀྱི་བོད་ལྗོངས་ངོ་སྤྲོད་ཐུབ་རེ་ཡོད་ཅེས་དང་། ཁོང་གིས“བོད་རིགས་ཤིག་ཡིན་པའི་ངོས་ནས་ང་ཚོ་རང་ཉིད་ཀྱི་འཚར་ལོངས་བརྒྱུད་རིམ་དེ་དཔེ་དངོས་ཡག་པོ་ཞིག་ཡིན་པས་དེ་དག་ལས་མི་དེ་བས་མང་བས་དངོས་ཡོད་ཀྱི་བོད་ལྗོངས་ལ་རྒྱུས་མངའ་ལོན་དུ་བཅུག་ཆོག”ཅེས་བརྗོད།

    བགྲོ་གླེང་ཚོགས་འདུའི་ཐོག ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པའི་ཁོངས་མིས་སི་ལོ་ཝ་ཁེ་ཡའི་རིགས་གཅིག་མཁས་ཅན་དང་མཁས་དབང་དབར་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཚོགས་ཞུགས་སི་ལོ་ཝ་ཁེ་ཡའི་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་གསར་འགོད་པར། ཀྲུང་གོ་ཕྱོགས་ཀྱི་འཐུས་མི་ཚོགས་པའི་རིགས་གཅིག་མཁས་ཅན་གྱི་ལྟ་བ་གཏིང་ཟབ་ལ་དབྱེ་ཞིབ་གནད་ལ་འཁེལ་བས། ཀུན་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་དེས་སི་ལོ་ཝ་ཁེ་ཡའི་རིག་གཞུང་ལས་རིགས་ཀྱིས་བོད་ལ་རྒྱུས་མངའ་ལོན་རྒྱུར་ཕན་པ་ཆེན་པོ་ཡོད་པའི་ཡིད་ཆེས་ཡོད་ཅེས་བརྗོད།

    སི་ལོ་ཝ་ཁེ་ཡའི་རྒྱལ་དམངས་གྲོས་ཚོགས་ཡོ་རོབ་ལས་དོན་ཨུ་ལྷན་གྱི་ཀྲུའུ་ཞི་པུའུ་ལ་ཧས་ཚོགས་འདུ་གྲོལ་རྗེས་ཀྲུང་སི་ཕྱོགས་གཉིས་པོས་ད་རེས་ཀྱི་བགྲོ་གླེང་ཚོགས་འདུ་དེ་གཉེར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེས་སི་ལོ་ཝ་ཁེ་ཡ་བས་དངོས་ཡོད་ཀྱི་བོད་ལྗོངས་ཤེས་རྟོགས་བྱ་རྒྱུར་ཕན་པ་ཡོད་ཅེས་བརྗོད།

    སི་ལོ་ཝ་ཁེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིན་ལིན་གྱིས། སྤེལ་རེས་ཚོགས་པའི་ཁོངས་མི་ནི་བོད་ཀྱི་རིག་གནས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་། འཐབ་ཕྱོགས་མདུན་མའི་ལས་དོན་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་ཡིན་པ་དང་། ཁོང་ཚོའི་རང་གི་མཐོང་ཐོས་དྲན་རེག་བཤད་པ་དང་མྱོང་བ་དངོས་ལ་གོ་སྐོན་བློ་འགུག་གི་ནུས་པ་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་བརྗོད།

    ད་ཐེངས་ཀྱི་ཀྲུང་གོའི་བོད་ཀྱི་རིག་གནས་བགྲོ་གླེང་ཚོགས་འདུ་དེ་སི་ལོ་ཝ་ཁེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། སི་ལོ་ཝ་ཁེ་ཡའི“བརྗོད་བྱ་གསར་པ”སྤྲོ་སྐྱིད་ཁང་། སི་ལོ་ཝ་ཁེ་ཡའི“དབྱེ་ཞིབ་དང་། འཐབ་ཇུས། གདམ་ག”མཐུན་ཚོགས་བཅས་ཀྱིས་མཉམ་དུ་གཉེར་བ་དང་མི་བརྒྱ་ལ་ཉེ་བ་ཚོགས་འདུར་ཞུགས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།