[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>བོད་རིག་པའི་གསར་འགྱུར།
  • མཉམ་འབྲེལ་རྒྱལ་ཚོགས་སུ་ཏུན་ཧོང་གི་སྒྱུ་རྩལ་མཆོག་ནོར་གྱིས་རིག་གནས་སྤེལ་རེས་ཀྱི་ངོ་མཚར་མངོན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-11

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝི་ཨེན་ན་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་8ཉིན་2017ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་ཉིན་མོའི་བྱེད་སྒོ“དར་གོས་ལམ་བུ·མཉམ་འབྲེལ་རྒྱལ་ཚོགས་སུ་ཏུན་ཧོང་གི་ལྡེབས་རིས་རྩེ་གྲས་འགྲེམས་སྟོན་བྱེད་པ”ཞེས་པ་ཝི་ཨེན་ན་མཉམ་འབྲེལ་རྒྱལ་ཚོགས་ཚོམས་ཆེན་དུ་འགོ་ཚུགས་ཏེ་རྒྱལ་ཁབ་ཁག་གི་གྲོགས་པོ་རྣམས་ལ་ཏུན་ཧོང་གི་ཀྲུང་གོའི་སྒྱུ་རྩལ་མཆོག་ནོར་གྱི་མཛེས་ཉམས་མངོན་པ་རེད།

    ད་རེས་ཀྱི་བྱེད་སྒོ་དེས“དར་གོས་ལམ་བུའི་རིག་གནས་དང་། ལོ་ངོ་སྟོང་གི་ཏུན་ཧོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས“རྒྱུད་གཅིག་ལམ་གཅིག”ཐོག་གི་མི་རིགས་ཁག་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་དང་ལོ་རྒྱུས་ཀྱི་འདུས་རིས་བསྐྱར་མཚོན་བྱས་ཤིང་། དེ་ནི་ཏུན་ཧོང་གི་ལྡེབས་རིས་དེ་ཝི་ཨེན་ནར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ཏུ་ཐོག་མར་སྟོན་པ་ཞིག་རེད།

    ཝི་ཨེན་ནར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་བཅས་ཀྱི་ཀྲུང་གོའི་འཐུས་མི་ཧྲི་ཀྲུང་ཅུན་གྱིས་དར་གོས་ལམ་བུའི་རིག་གནས་ལས་མངོན་པ་ནི་ཞི་བདེ་མཉམ་ལས་དང་། སྒོ་དབྱེ་བསྟུན་མཁས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་དར་གོས་ལམ་བུའི་སྙིང་སྟོབས་ཡིན་པ་དང་། རྒྱལ་ཁབ་ཁག་གིས་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་བཏང་ནས་མཉམ་དུ་འགྲན་སློང་ལ་ཁ་གཏད་བཅག་སྟེ་འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་དགོས་ཞེས་བརྗོད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲེ་ལི་ཡུང་གིས་ད་རེས་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་དར་གོས་ལམ་བུའི་བཀྲག་མདངས་འཚེར་སར་བརྟེན་ནས་ཀྲུང་གོའི་རིག་གནས་མངོན་པར་བྱེད་ཅེས་པ་དེ་ཡིན་ལ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་དང་ཟུང་འབྲེལ་དམ་ཟབ་བྱས་པས་བྱེད་སྒོར་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།