[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་སྲིད་ཇུས།
  • བོད་ཀྱི་དགོན་སྡེ་ཆེ་གྲས་ཁག་ཏུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-18

    ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་ཟླ་3པར་བོད་ཡོངས་སུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་ནས་བཟུང་། བོད་ཀྱི་དགོན་སྡེ་ཆེ་གྲས་ཁག་གི་གྲྭ་བཙུན་རྣམས་ཀྱིས་བྱེད་སྒོ་ཁག་ལ་རང་རྟོགས་ངང་ཧུར་ཐག་ཞུགས་ཏེ་ཏང་གི་བཀའ་དྲིན་ཚོར་བ་དང་སྲོག་ཤིང་ལ་དགའ་ཞེན་བྱས་ནས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བཞིན་ཡོད་པ་རེད།

    མཚམས་ཁུང་ནི་ལྷ་ས་གྲོང་ཁུལ་རྙིང་པའི་བཙུན་མའི་དགོན་པ་འབའ་ཞིག་དེ་ཡིན་པ་དང་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། དགོན་སྡེ་དོ་དམ་ཨུ་ལྷན་གྱིས་མཚམས་ཁུང་གི་བཙུན་མ་86ཚོས་སྤྱིར་ན་བོད་ཡིག་ལས་མི་ཤེས་པའི་གནས་ཚུལ་ལ་དམིགས་ཏེ་རིག་གནས་གསབ་སྦྱོང་སློབ་ཚན་ཁྲིད་དེ་ཁོང་ཚོར་རིག་གནས་སློབ་པ་དང་དུས་མཚུངས་ལས་བྱེད་པ་ཚོས་རེས་མོས་ཀྱིས་གཟའ་འཁོར་རེའི་གསབ་སྦྱོང་སློབ་ཚན་གྱི་སྐར་མ་30བེད་སྤྱད་དེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོ་སྒྲོག་འགྲེལ་བྱེད་ཀྱི་ཡོད་པ་རེད།

    དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་སྒྲོལ་མ་ཚེ་རིང་གིས་རྟག་ཏུ་ཟིན་བྲིས་དེབ་མཐུག་པོ་ཞིག་འཁྱེར་ཡོང་གི་ཡོད། དེའི་ནང་ལས་བྱེད་པ་དང་བཙུན་མ་ཚོས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་སྤེལ་བའི་གནས་ཚུལ་བཀོད་ཡོད་པ་མ་ཟད། ད་དུང་ལས་བྱེད་པ་དང་བཙུན་མ་ཚོའི་འདྲ་པར་སྦྱར་བའི་ཐོག་བོད་རྒྱ་ཡིག་རིགས་གཉིས་ཀྱིས་བྱེད་སྒོའི་ནང་དོན་བཀོད་ཡོད། བྱེད་སྒོ་སྤེལ་ཚུན་མཚམས་ཁུང་དགོན་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་བཙུན་མའི་དབར་མཉམ་གཏོད་མཉམ་རོགས་བྱས་ནས་ལས་བྱེད་པ་ཚོས་བཙུན་མའི་ཤག་དང་། སྒོ་བསྟེན་སྨན་ཁང་། ཚོང་ཁང་། ཇ་ཁང་སོགས་སུ་བསྐྱོད་དེ་བཙུན་མ་ཚོར་སྒྲོག་འགྲེལ་བྱེད་ཀྱི་ཡོད།

    “ཏང་གི་ཆོས་ལུགས་སྲིད་ཇུས་དང་། དགོན་ཕན་གྲྭ་ཕན་སྲིད་ཇུས། ཆོས་ལུགས་བྱེད་སྒོ་སྤེལ་བ། རིག་དངོས་སྲུང་སྐྱོང་སོགས་ཕྱོགས་མང་པོའི་སློབ་སྦྱོང་དང་མྱོང་ཚོར་ལས་གྲྭ་བཙུན་ཚོའི་བསམ་བློའི་གོ་རྟོགས་མཐོ་རུ་ཆེན་པོ་ཕྱིན་པ་དང་འབྲེལ་བྱེད་སྒོ་སྤེལ་བར་གྲྭ་བཙུན་ཚོའི་དགའ་ཞེན་དང་ཁས་ལེན་ཐོབ་ཡོད”ཅེས་འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་གྱི་དགེ་འདུན་པའི་ཁོངས་མི་ངག་དབང་ཆོས་འཛིན་གྱིས་བརྗོད།

    འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་གྱིས་སྒྲོག་འགྲེལ་ནི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་རྨང་གཞི་དང་ལས་འགན་གཙོ་བོར་བརྩིས་ཏེ་རྣམ་པ་སྣ་ཚོགས་ལ་བརྟེན་ནས་བྱེད་སྒོ་སྤེལ་ཡོད། འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་རེན་ཡོན་ཏན་གྱིས“འབྲས་སྤུངས་ལ་དགེ་འདུན་པ་452ཡོད། རིམ་པ་མི་འདྲ་བ་དང་། སྒྲོག་འགྲེལ་བྱ་ཡུལ་མི་འདྲ་བ། རྣམ་པ་མི་འདྲ་བ་བཅས་ཀྱི་སྒོ་ནས་གཅིག་སྡུད་སྒྲོག་འགྲེལ་ཐེངས་6དང་། ཚོགས་ཆུང་བཟོས་ནས་སྒྲོག་འགྲེལ་ཐེངས་22བྱས་པར་སློབ་སྦྱོང་དང་ཚོགས་འདུར་ཞུགས་མཁན་མི་ཐེངས་2596ཟིན་ཡོད”ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། དགོན་སྡེ་དོ་དམ་ཨུ་ལྷན་གྱིས་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བར་སུན་པོ་མི་བཟོ་བའི་སྔོན་འགྲོའི་ཆ་རྐྱེན་འོག་རིགས་པའི་གཞུང་ལུགས་ཐད་ཀྱི་མཁས་དབང་དང་། དགོན་སྡོད་ལས་བྱེད་པ། བླ་མ་སྐྱེས་ཆེན་བཅས་ཀྱི་ནུས་པ་འདོན་སྤེལ་ལ་མཐོང་ཆེན་པོ་བྱས་ནས། གཅིག་སྡུད་སྒྲོག་འགྲེལ་གྱི་རྨང་གཞིའི་ཐོག་སྒྲོག་འགྲེལ་ཚོགས་ཆུང་10སྒྲིག་འཛུགས་ཀྱིས་གྲྭ་ཤག་ཏུ་བསྐྱོད་དེ་སྒྲོག་འགྲེལ་བྱས་པ་དང་། དགེ་འདུན་པ་ཚོས་ཟིན་བྲིས་ཡག་པོ་བརྒྱབ་པ་དང་ཕྱོགས་མཚུངས་སློབ་སྦྱོང་གི་མྱོང་ཚོར་ཡང་ཧུར་ཐག་བྲིས་ཡོད། གཞན་ཡང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་ད་དུང་དགེ་འདུན་པ་དང་དགོན་སྡོད་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་མཉམ་དུ་ཤིང་འཛུགས་ནགས་བཟོ་བྱས་ཏེ་དགོན་པའི་ཁོར་ཡུག་མཛེས་སུ་བཏང་བ་དང་། རྟེན་རྫས་བཤམས་མཛོད་ཁང་ལ་ལྟ་སྐོར་དུ་བསྐྱོད་པ། འཕྲོད་བསྟེན་དང་བདེ་ཐང་ཞབས་ཞུ་སོགས་ཀྱི་བྱེད་སྒོ་སྤེལ་ཡོད། ཡོན་ཏན་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་སྤེལ་བས། དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོར་དམ་འཛིན་བྱ་གཞི་དང་གཞི་རྟེན་ཡོད་པར་གྱུར། དེ་ནི་དགོན་སྡེའི་ཁྲིམས་ལུགས་སློབ་གསོར་སྐུལ་མ་གཏོང་བ་དང་རྒྱལ་ཁབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོའི་ལས་སྟེགས་ཡག་པོ་ཞིག་རེད”ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།