[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་སྲིད་ཇུས།
  • ལྷ་སའི་དགེ་འདུན་པར་སྡོད་སའི་ཤག་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ།

  • ཡོང་ཁུངས།   ​ མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-01-11

    ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། “ད་ཆ་སྡོད་སའི་ཁོར་ཡུག་དང་སློབ་གཉེར་གྱི་མཐུན་རྐྱེན་སྔོན་མ་ལས་ཧ་ཅང་ཡག་ཏུ་སོང་ཡོད། གང་ལགས་ཤེ་ན། ད་ཆ་ང་ཚོར་སྡོད་སའི་ཤག་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད”ཅེས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་རུ་པ་དགོན་པའི་དགེ་འདུན་པ་བཀྲ་ཤིས་ནོར་བུས་ཉེ་བའི་ལོ་ཤས་རིང་གི་མྱོང་ཚོར་བཤད།

    ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། རུ་པ་དགོན་ནི་ཐག་རིང་ལུང་ཁུག་ཏུ་གནས་པས་སྔོན་ཆད་དགོན་སྡེའི་དགེ་འདུན་པའི་འཚོ་བ་སོགས་གང་ཅིའི་ཐད་དཀའ་ངལ་ཆེ་ཙམ་ཡོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་དགོན་པར་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པས་རུ་པ་དགོན་ལ་ཆུ་དང་། གློག ལམ། རླུང་འཕྲིན། བརྙན་འཕྲིན་སོགས་ཁྲིད་ཁར། དགོན་པའི་དགེ་འདུན་པའི་སྨན་བཅོས་དང་། རྒན་གསོ། བསམ་ཡུལ་ལས་འདས་པའི་མི་ལུས་གནོད་འཚེ་བཅས་ཀྱི་འགན་བཅོལ་འགྲོ་གྲོན་ཚང་མ་འཇལ་ནས་ལོ་ལྟར་རིན་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད།

    བཀྲ་ཤིས་ནོར་བུས་བྱེད་ཐབས་དེ་དག་གིས་རྒྱ་ཆེའི་གྲྭ་བཙུན་ལ་དཀའ་ངལ་མང་པོ་སེལ་རོཌ་བྱས་པས་ཐོས་བསམ་ལ་རྩེ་གཅིག་གཞོལ་རྒྱུར་མཐུན་རྐྱེན་བསྐྲུན་ཡོད་ཅེས་བཤད།

    ལོ་600ལྷག་གི་ལོ་རྒྱུས་ལྡན་པའི་གསང་སྔགས་ཆོས་རྫོང་དགོན་པ་ནི་ལྷ་སའི་སྟག་རྩེ་རྫོང་གི་གྲོང་ཁུལ་རྙིང་པའི་ལྟེ་བར་ཆགས་པ་དང་དགོན་པ་དེའི་དགེ་འདུན་པ་བསོད་ནམས་བསྟན་འཛིན་གྱིས་ཀྱང་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་ལས་བྱུང་བའི་འགྱུར་ལྡོག་དང་ལྷག་དོན་དུ་སྲིད་གཞུང་གི་ལས་བྱེད་པས་ཁོང་གི་ནང་མིར་སེམས་ཁུར་བྱེད་ལུགས་ཚོར་ཡོད། “དུད་ཁྱིམ་གྱི་འཚམས་འདྲིའི་བྱེད་སྒོ་ལས་ང་ཚོའི་གཉེན་ཉེར་སྨོན་འདུན་དང་དྲོ་སྐྱིད་མཚོན་པར་བྱས་ཡོད”ཅེས་བསོད་ནམས་བསྟན་འཛིན་གྱིས་བཤད་ཅིང་། ཁོང་གིས“ནང་མི་སྤུན་མཆེད་ཀྱིས་བཏང་བའི་འཕྲིན་ཡིག་ནང་དུའང་ང་ཚོར་མངགས་བཅོལ་དང་རེ་བ་ནན་པོ་བཏོན་ཡོད”ཅེས་བཤད།

    “སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན”བསོད་ནམས་བསྟན་འཛིན་གྱིས་འགྲོ་བ་སེམས་ཅན་ཐམས་ཅད་ལ་བདེ་བ་ལྡན་པ་དང་སྡུག་བསྔལ་ལས་སྒྲོལ་བར་བརྩོན་པ་བྱ་རྒྱུ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་རྣམ་པའི་ཐུན་མོང་གི་བསམ་འདུན་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།