[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་སྲིད་ཇུས།
  • བོད་རང་སྐྱོང་ལྗོངས་བརྟག་ཞིབ་ཚོགས་ཆུང་གིས་འབྲས་སྤུངས་དགོན་གྱི་རིག་དངོས་སྲུང་སྐྱོབ་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-09-21

    གོང་ཚེས་ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་རུ་སྣེ་ཁྲིད་ནས་འབྲས་སྤུངས་དགོན་དུ་ཕེབས་ཏེ་འབྲས་སྤུངས་དགོན་གྱི་བསམ་བློ་ཁང་ཚན་དང་ཧར་གདོང་ཁང་ཚན་གྱི་ཉམས་གསོའི་ལས་གྲྭ་དང་རྩ་ཆེའི་རིག་དངོས་ཀྱི་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་ཀྱི་འབྲེལ་ཡོད་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་བསམ་བློ་ཁང་ཚན་དང་། ཧར་གདོང་ཁང་ཚན། འབྲས་སྤུངས་དགོན་གྱི་བཙན་ཁང་བཅས་སུ་ཕེབས་ནས་ཕྱོགས་གཅིག་ནས་འབྲེལ་ཡོད་ལས་དོན་མི་སྣའི་གནས་ཚུལ་སྙན་སེང་གསན་པ་དང་ཕྱོགས་གཞན་ཞིག་ནས་ཁང་ཚན་གྱི་ལྡེབས་རིས་དང་། གྱང་ངོས། ཀ་བ་སོགས་ཀྱི་སྐྱོན་ཤོར་ཚུལ་ལ་ཞིབ་ནན་ངང་གཟིགས་པ་རེད། བཙན་ཁང་གི་གནས་ཚུལ་དང་བཙན་ཁང་གི་ཁོར་ཡུག་ལ་ཤེས་རྟོགས་བྱས་རྗེས། བརྟག་ཞིབ་ཚོགས་ཆུང་གིས་འབྲས་སྤུངས་དགོན་ལ་ལོ་རྒྱུས་ཡུན་རིང་ལྡན་པས་དེའི་རིག་དངོས་སྲུང་སྐྱོབ་བྱེད་པའི་ལས་དོན་གལ་འགངས་ཆེ། རིག་དངོས་ཉམས་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཕན་པ་ཡོད་པ་དང་། མི་རིགས་ཀྱི་ཕུལ་བྱུང་རིག་གནས་དང་མི་རིགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ལ་ཕན་པ་ཡོད་པས་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་ཆེ་རུ་འགྲོ་སྲིད་ཅེས་བཤད།

    བརྟག་ཞིབ་ཚོགས་ཆུང་གིས་འབྲས་སྤུངས་དགོན་གྱི་བསམ་བློ་ཁང་ཚན་དང་ཧར་གདོང་ཁང་ཚན་གྱི་ཉམས་གསོའི་ལས་གྲྭའི་རྣམ་གྲངས་དང་འབྲས་སྤུངས་དགོན་གྱི་རྩ་ཆེའི་རིག་དངོས་ཀྱི་སྔོན་འགོག་རང་བཞིན་སྲུང་སྐྱོབ་རྣམ་གྲངས་དེ་2016ལོའི་རྒྱལ་ཁབ་རིག་དངོས་ཆེད་དོན་མ་དངུལ་རྣམ་གྲངས་ཀྱི་ཁོངས་སུ་གཏོགས་པ་དང་། རྩ་ཆེའི་རིག་དངོས་ཤུལ་བཞག་དང་རྩ་ཆེའི་དངོས་པོ་དེ་དག་ནི་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་ཡིན་པས་སྲུང་སྐྱོབ་ཡག་པོ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་སྲུང་སྐྱོབ་ཉམས་གསོའི་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་བསམ་བློ་འབྲེལ་ཡོད་ཐབས་ཇུས་དང་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས། འབྲེལ་ཡོད་ལས་དོན་གང་མགྱོགས་ངང་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།