[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ལྷ་སའི་བླ་མ་སྐྱེས་ཆེན་བརྒྱ་ཡིས་ཀྲུང་གོ་གསར་པར་སྨོན་ཚིག་བྲིས་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-19

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་བརྩེ་སེམས་མཚོན་པ། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་བཅས་བྱ་ཆེད། ཚེས་16ཉིན། ལྷ་ས་གྲོང་ཁྱེར་གྱི་བླ་མ་སྐྱེས་ཆེན་བརྒྱ་ཡིས་གྲོང་ཁྱེར་སྲིད་གྲོས་ཀྱི་ཚོགས་ཁང་ཆེ་མོར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བའི་སྨོན་ཚིག་བྲིས་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་ལྷ་ས་གྲོང་ཁྱེར་ཆོས་ལུགས་ལས་རིགས་ཁྱབ་ཁོངས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་ལ། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད”ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོ་ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

    འགྲན་བསྡུར་བྱ་ཡུལ་དུ་ལྷ་ས་གྲོང་ཁྱེར་ཁོངས་གཏོགས་ཀྱི་དགོན་སྡེ་ཁག་གི་བླ་མ་སྐྱེས་ཆེན་བརྒྱ་ལྷག་ཙམ་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྨོན་ཚིག་བྲིས་གནང་བ་རེད།

    662351_yis_1568781173986_s.jpg

    འདི་ནི་འགྲན་བསྡུར་བྱ་ཡུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།