[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས་དཔེ་སྟོན་དགོན་སྡེ་དང་ཕུལ་བྱུང་གྲྭ་བཙུན་ལ་གཟེངས་བསྟོད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    ཚེས་12ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་གྱིས་ཁམས་པའི་རིག་གནས་འཁྲབ་སྟོན་ལྟེ་གནས་སུ་ཆབ་མདོ་གྲོང་ཁྱེར་གྱི་2019ལོའི་ལོ་སྟོད་ཀྱི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་དཔེ་སྟོན་དགོན་སྡེ་དང་ཕུལ་བྱུང་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་འདུའི་ཐོག་བྱམས་པ་གླིང་དགོན་སྡེ་དོ་དམ་ཨུ་ལྷན་སོགས་དགོན་སྡེ་དོ་དམ་ཨུ་ལྷན(དགོན་སྡེའི་ཆེད་ལས་དོ་དམ་ཆེད་མངགས་པ)48ལ“2019ལོའི་ལོ་སྟོད་ཀྱི་གྲོང་ཁྱེར་རིམ་པའི‘ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི’སློབ་གསོ་ལག་ལེན་བྱེད་སྒོའི་ཕུལ་བྱུང་སྒྲིག་འཛུགས་ཚན་པའི”གཟི་བརྗིད་མཚན་སྙན་སྤྲད་པ་དང་། བསོད་ནམས་གཡུ་མཚོ་སོགས་དགོན་སྡོད་ལས་བྱེད་པ་48ལ“2019ལོའི་ལོ་སྟོད་ཀྱི་གྲོང་ཁྱེར་རིམ་པའི‘ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི’སློབ་གསོ་ལག་ལེན་བྱེད་སྒོའི་སྔོན་ཐོན་དགོན་སྡེ་དོ་དམ་ལས་བྱེད་པའི”གཟི་བརྗིད་མཚན་སྙན་སྤྲད་པ། བྱམས་པ་གླིང་སོགས་དགོན་སྡེ་48ལ“2019ལོའི་ལོ་སྟོད་ཀྱི་གྲོང་ཁྱེར་རིམ་པའི‘ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི’སློབ་གསོ་ལག་ལེན་བྱེད་སྒོའི་དཔེ་སྟོན་དགོན་སྡེའི”གཟི་བརྗིད་མཚན་སྙན་སྤྲད་པ། རྫོང་ལོ་བྱམས་པ་མཁས་གྲུབ་སོགས་གྲྭ་བཙུན་4272ལ“2019ལོའི་ལོ་སྟོད་ཀྱི་གྲོང་ཁྱེར་རིམ་པའི‘ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི’སློབ་གསོ་ལག་ལེན་བྱེད་སྒོའི་ཕུལ་བྱུང་གྲྭ་བཙུན”གྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།