[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • བོད་ལྗོངས་ནང་བསྟན་སློབ་གླིང་གིས་2015ལོའི་སློབ་གྲྭའི་ལམ་ལུགས་འཛིན་གྲྭ་དང་སྐབས་དང་པོའི་གྲ་སྒྲིག་འཛིན་གྲྭའི་སློབ་ཐོན་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-28

    ■ ད་རེས་སློབ་གྲྭ་ཐོན་པའི་སློབ་མའི་ཁྲོད་སྐབས་དང་པོའི་གྲ་སྒྲིག་འཛིན་གྲྭའི་སློབ་མ་91ལ“ཕྲ་རམས་པའི”དམའ་རིམ་མཚན་གནས་དང་། 2015ལོའི་སློབ་གྲྭའི་ལམ་ལུགས་འཛིན་གྲྭའི་སློབ་མ་82ལ“འབྲིང་རམས་པའི”འབྲིང་རིམ་མཚན་གནས། སློབ་མ་47ལ་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་དང་བོད་ལྗོངས་ནང་བསྟན་སློབ་གླིང་གིས་མཉམ་དུ“མཉེས་ཐང་སྔགས་རམས་པའི”འབྲིང་རིམ་མཚན་གནས་བཅས་ཁག་སོ་སོར་གནང་ཡོད་པ་རེད།

     ཚེས་26ཉིན་གྱི་ཕྱི་དྲོ། བོད་ལྗོངས་ནང་བསྟན་སློབ་གླིང་གིས་2015ལོའི་སློབ་གྲྭའི་ལམ་ལུགས་འཛིན་གྲྭ་དང་སྐབས་དང་པོའི་གྲ་སྒྲིག་འཛིན་གྲྭའི་སློབ་ཐོན་མཛད་སྒོ་འཚོགས་ཤིང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་སློབ་ཐོན་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    སློབ་ཐོན་མཛད་སྒོའི་ཐོག་སློབ་གྲྭ་ཐོན་ཉེར་ཡོད་པའི་སློབ་མ་ཚོས་སྦྱངས་ཟིན་པའི་ཤེས་བྱ་དེ་དག་ལག་ལེན་ཐོག་འཁྱོལ་བ་བྱས་ནས་བྱེད་པོ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གང་ལེགས་བཏང་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགོ་ཁྲིད་ཀྱི་བཀའ་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་བཅས་བྱས་ཏེ་དགོན་སྡེའི་དོ་དམ་ལས་དོན་གསར་གཏོད་ལ་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་ཞུགས་པ་བཅས་བྱེད་དགོས། རང་ལྗོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་སུ་སྤེལ་བའི“ཚད་གཞི་བཞིར་བརྩི་སྲུང་གིས། སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོར་ཧུར་ཐག་ཞུགས་ཏེ་འདུལ་ཁྲིམས་དང་བསྟན་དོན་ལ་དགོངས་འགྲེལ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། དད་ལྡན་མང་ཚོགས་ལ་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཁྲིད་སྟོན། སྤྱི་ཚོགས་ཀྱི་སྤྱི་ཕན་ཞབས་ཞུར་ཧུར་ཐག་ཞུགས་པ་བཅས་བྱས་ནས་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་བོད་བརྒྱུད་ནང་བསྟན་གྱིས་སྟོབས་ཤུགས་ལེགས་སྐྱེས་སུ་ཧུར་ཐག་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།