[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་ཆེད་དོན་འགྲེམས་སྟོན་ལྷ་སར་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-14

    “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྔར་བས་གཏིང་ཟབ་སྤེལ་ནས་བྱེད་སྒོའི་ནང་དོན་སྣ་མང་ཕུན་སུམ་ཚོགས་སུ་གཏོང་ཆེད། ཚེས་12ཉིན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས། རང་སྐྱོང་ལྗོངས“ཚད་གཞི་བཞིའི”སློབ་གསོ་ལག་ལེན་བྱེད་སྒོ་ཟབ་སྤེལ་ཚོགས་ཆུང་གཞུང་ལས་ཁང་བཅས་ཀྱིས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་ཆེད་དོན་འགྲེམས་སྟོན་མཉམ་འབྲེལ་ཐོག་གཉེར་བ་རེད།

    ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་བསོད་ནམས་རིག་འཛིན་འགྲེམས་སྟོན་ལ་ཞུགས་པ་རེད།

    ཆེད་དོན་འགྲེམས་སྟོན་གཉེར་བའི་དམིཌ་ཡུལ་ནི། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། སྤྲུལ་སྐུའི་ཡང་སྲིད་བྱུང་རིམ་དང་འཕེལ་རྒྱས་ལ་གསལ་འགྲེལ་བྱེད་པ། 《བོད་བརྒྱུད་ནང་བསྟན་གྱི་སྤུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས》དང་དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་སྤུལ་སྐུའི་ཡང་སྲིད་ཀྱི་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་དྲིལ་བསྒྲགས་བྱེད་པ་བཅས་ཀྱི་ཆེད་དུ་རེད།

    སློབ་སྦྱོང་དང་ལྟ་སྐོར་བྱས་པ་བརྒྱུད། ཆོས་ལུགས་རིགས་ཁོངས་ཀྱི་མི་སྣས་བོད་བརྒྱུད་ནང་བསྟན་གྱི་སྤུལ་སྐུའི་ཡང་སྲིད་དང་དོ་དམ་ཐད་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཁྲིམས་བཞིན་དོ་དམ་མཐའ་འཁྱོངས། ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་བརྩི་སྲུང་ཞུ་རྒྱུ་མཐའ་འཁྱོངས། རང་ཚུགས་དང་། རང་བདག རང་སྒྲུབ་ཀྱི་རྩ་དོན་མཐའ་འཁྱོངས་བཅས་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།