[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ཡིའུ་ཆོན་གྱིས་སྐབས་བཅོ་ལྔ་པའི་བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པའི”མཐོ་རིམ་མཚན་གནས་ཐོབ་མཁན་ལ་མཇལ་འཕྲད་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-22

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་གྱིས་པེ་ཅིང་དུ་སྐབས་བཅོ་ལྔ་པའི་བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པའི”མཐོ་རིམ་མཚན་གནས་ཐོབ་མཁན་ལ་མཇལ་འཕྲད་གནང་བ་མ་ཟད་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

    ཡིའུ་ཆོན་གྱིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། ཁྲིམས་སྲུང་སྡོམ་སྲུང་། ཐོས་བསམ་སྒོམ་གསུམ་ལ་བརྩོན་པ། གཏམ་སྤྱོད་གཞུང་དྲང་། འགྲོ་དྲུག་ལ་ཕན་འདོགས་པ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “མཐོ་རམས་པ”ནི་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་མཐོ་ཤོས་ཡིན་ཞིང་། ད་རེས་དགེ་འདུན་པ་40ལ་ཞིབ་དཔྱད་ནན་པོ་བྱས་རྗེས“མཐོ་རམས་པའི”མཐོ་རིམ་མཚན་གནས་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།