[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-29

    ཚེས་26ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་ལྷ་སའི་གཙུག་ལག་ཁང་དུ་འཚོགས་པ་རེད།

    དཔྱད་བསྡུར་ཨུ་ལྷན་གྱིས་དཔྱད་བསྡུར་ནན་པོ་བྱས་པ་བརྒྱུད། དགའ་ལྡན་དགོན་པའི་ཕུན་ཚོགས་བསྟན་དར་གྱིས་གཟེངས་སུ་ཐོན་པའི་རྒྱུགས་འབྲས་ལ་བརྟེན་ནས་ཨང་དང་པོ་བླངས་པ་དང་། བྱམས་པ་གླིང་གི་བློ་བཟང་བསྟན་འཛིན་ལ་ཨང་གཉིས་པ། དབྱེན་འདུམ་དགོན་པའི་འཇམ་དབྱངས་སེང་གེ་ལ་ཨང་གསུམ་པ། དཔའ་ཤོད་དགོན་པའི་ངག་དབང་བསྟན་འཛིན་ལ་ཨང་བཞི་པ། བཀྲ་ཤིས་ལྷུན་པོ་དགོན་པའི་བློ་བཟང་ཟླ་བ་དང་། འབྲས་སྤུས་དགོན་པའི་ངག་དབང་རབ་རྒྱས། སེ་ར་དགོན་པའི་བློ་བཟང་བསམ་གཏན། བྱང་སྟོད་དགོན་པའི་ཤེས་རབ་ཆོས་འཕེལ། དགའ་ལྡན་དགོན་པའི་བློ་བཟང་ཤེས་རབ། ཆོས་འཁོར་དགོན་པའི་བསྟན་འཛིན་ཡོན་ཏན། རབ་བརྟན་དགོན་པའི་བྱམས་པ་བསྟན་འཛིན། ར་སྟོད་དགོན་པའི་ཕུན་ཚོགས་བདེ་དབང་བཅས་ལ་རིམ་པ་བཞིན་ཨང་ལྔ་པ་ནས་བཅུ་གཉིས་པའི་བར་ཐོབ་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།