[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • བོད་ཀྱིས་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་བཟོ་སྐྲུན་ལ་ཚད་འཇལ་ཐིག་ལེན་དང་དབྱེ་ཞིབ་ཞིབ་འཇུག་གི་ལས་དོན་སྤེལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-05

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་4ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ཡི་2018ལོའི་ལོ་འཁོར་གྱི་ལས་སྒོའི་ལས་དོན་སྤྱི་དམངས་མཉམ་སྤྱོད་ཀྱི་སྙན་ཞུའི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། སུའོ་དེས་འགན་འཁུར་བའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་བཟོ་སྐྲུན་ལ་ཚད་འཇལ་ཐིག་ལེན་དང་དབྱེ་ཞིབ་ཞིབ་འཇུག་བྱེད་པའི་ལས་དོན་ན་ནིང་ཟླ་11པ་ནས་འགོ་ཚུགས་ཚུན། ད་ཆ་དཀྱིལ་འཁོར་མཐིལ་གྱི་ཤིང་སྒོ་དང་བར་ཁྱམས་ཀྱི་ཀ་བ་སོགས་ཀྱི་ཤིང་ཆར་རྩད་ཞིབ་ཐིག་ལེན་གྱི་ས་བཀྲ་འབྲི་བ་དང་དེ་བཞིན་བཟོ་སྐྲུན་གཙོ་བོའི་དབྱེ་ཞིབ་ཀྱི་ས་བཀྲ་འབྲི་བ་སོཌ་ཀྱི་ལས་དོན་བསྒྲུབས་ཟིན།

    གཙུག་ལག་ཁང་ནི་སྤྱི་ལོའི་དུས་རབས་བདུན་པར་བསྐྲུན་པ་དང་ལོ་རབས་མང་པོར་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་བརྒྱུད་ད་ཆའི་གཞི་ཁྱོན་དེ་གྲུབ་ཡོད། རྒྱ་རིགས་དང་། བོད་རིགས། ནེ་པ་ལ། རྒྱ་གར་བཅས་ཀྱི་ཨར་སྐྲུན་གྱི་བཀོད་པ་གཞི་གཅིག་ཏུ་བསྡུས་པའི་གནའ་བོའི་ཁང་པ་དེ་ནི་བོད་ལུགས་དགོན་པའི་རྣམ་པ་ལྡན་ཡོད་ལ་ད་བར་ཉར་ཚགས་ཡག་པོ་བྱུང་བའི་ཐུ་བྷོད་དུས་རབས་སུ་བསྐྲུན་པའི་གནའ་བོའི་ཁང་པ་དང་བོད་ཀྱི་ཆེས་སྔ་ཤོས་ཀྱི་ས་ཕག་དང་ཤིང་ལས་གྲུབ་པའི་ཁང་པའི་གྲས་ཤིག་རེད། 2000ལོར་ཕོ་བྲང་པོ་ཏ་ལའི་རྒྱ་སྐྱེད་རྣམ་གྲངས་ཀྱི་ཁོངས་སུ་གཏོཌ་པའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་མཉམ་འབྲེལ་རྒྱལ་ཚོཌ་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས《འཛམ་གླིང་ཤུལ་བཞག་མིང་གཞུང》དུ་བཅུག་པ་་རེད།

    “འདི་ནི་ད་བར་ར་ས་འཕྲུལ་སྣང་གཙུག་ལག་ཁང་ལ་ཕྱོགས་ཡོངས་དང་། ཞིབ་ཕྲ། གཏིང་ཟབ་བཅས་ཀྱི་སྒོ་ནས་ཚད་འཇལ་ཐིག་ལེན་དང་དབྱེ་ཞིབ་ཞིབ་འཇུག་ལས་དོན་སྤེལ་ཐེངས་ཤིག་ཡིན་པ་མ་ཟད། རྣམ་གྲངས་དེ་2025ལོར་ལེགས་གྲུབ་བྱེད་རྒྱུ་རེད”ཅེས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ཡི་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གི་ཀྲུའུ་རེན་སྤེན་དོན་གྱིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།