[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • བོད་ཀྱི་སློབ་གསོའི་ལས་རིགས་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་བྱེད་དགོས་པའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-16

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་སྐབས་འདིར་ཟླ་3ཚེས་8ཉིན་ནས་ཚེས་12ཉིན་བར《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་ཀུན་འདུས་སྨྱན་སྦྱོར་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་བྱེད་དགོས་པའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ་སྤེལ་བར་རང་ལྗོངས་ཀྱི་སློབ་གསོའི་ལས་རིགས་སུ་དོ་ཁུར་རྒྱ་ཁྱབ་བྱུང་བ་དང་གྲོས་བསྡུར་འཁྲུག་པོ་བྱས་ཤིང་། ཚང་མས་དཔྱད་གཏམ་ནང་རྒྱས་བཤད་གསལ་གསལ་ཐིང་ཐིང་དང་དབྱེ་ཞིབ་གནད་ལ་འཁེལ་ཞིང་དོན་ལ་འཇུག་པ་བྱས་པས་ང་ཚོས་ཏཱ་ལའི་རུ་ཚོགས་ནི“བོད་རང་བཙན”གྱི་ལྐོག་གཡོ་གཤོམ་མཁན་དང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད། བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་མཁན་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་སྲོལ་འཛུགས་རྒྱུར་འགོག་རྐྱེན་བཟོ་མཁན་བཅས་ཡིན་པའི་ལོག་སྤྱོད་ངོ་བོ་དེ་བས་གཏིང་ཟབ་སྒོ་ནས་ངོས་འཛིན་གསལ་པོ་ཐུབ་བྱུང་། ང་ཚོས་རང་ལྗོངས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་རྣོ་ངར་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལ་ངོས་འཛིན་གསལ་པོ་བྱས་ཏེ་ཁ་ཕྲལ་རིང་ལུགས་པ་མཐའ་དག་དང་ལོ་རྒྱུས་ཀྱི་འཁོར་ལོ་ལྡོག་ཕྱོགས་སུ་གཏོང་རྒྱུའི་རེ་ངན་འཆང་མཁན་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་པོའི་ཐོག་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཕྲག་སྟེང་དུ་ཁུར་བ་བཅས་བྱེད་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད། 

    “དཔྱད་གཏམ་ལྔ་པོ་ནི་བདེན་ཡོད་ཁུངས་ལྡན་དང་གསོན་ཉམས་ལྡན་པ་ཞིག་འདུག”བོད་ལྗོངས་མི་རིགས་སློབ་ཆེན་གྱི་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་གྱི་དགེ་རྒན་ཚའོ་ཧྲུའེ་ཆུན་གྱིས་འཕྲལ་མ་ཉིད་དུ་རིམ་སྤེལ་དཔྱད་གཏམ་དེ་དག་སློབ་ཚན་གྱི་སྐད་འཕྲིན་གྲོགས་ཚོགས་ནང་བསྐུར་ནས་སློབ་མ་དང་སྤེལ་རེས་སློབ་སྦྱོང་དང་གྲོས་བསྡུར་བྱས་པ་རེད། 

    “རིམ་སྤེལ་དཔྱད་གཏམ་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འགོ་གཙོ་དང་། ཁ་ཕྲལ་རིང་ལུགས་ཀྱི་ལོག་སྤྱོད་དཔུང་ཚོགས་ཀྱི་འགོ་གཙོ། ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་ཀྱི་འགོ་གཙོ། ལོ་རྒྱུས་ཀྱི་འཁོར་ལོ་ལྡོག་ཕྱོགས་སུ་གཏོང་རྒྱུའི་རེ་ངན་འཆང་མཁན་གྱི་འགོ་གཙོ་བཅས་ཡིན་པ་གསལ་པོ་བཤད་པ་མ་ཟད། ད་དུང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ངོ་བོ་གཏན་འཁེལ་དེ་ལྟར་བྱེད་དོན་དང་དོན་དངོས་ཀྱི་གཞི་འཛིན་སའང་གསལ་བཤད་གནད་སྨིན་བྱས་འདུག”ཅེས་བཤད་པ་རེད། 

    “བོད་ཀྱི་མཐོ་སློབ་ནི་ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་ཕྱོགས་དང་པོར་གནས་པ་དང་དེ་ནི་ཏཱ་ལའི་རུ་ཚོགས་དང་ང་ཚོའི་དབར་གཞོན་ནུ་དང་མི་རབས་རྗེས་མ་འཕྲོག་རེས་བྱེད་པའི་གཡུལ་ས་གཙོ་བོ་དེ་རེད” ཚའོ་ཧྲུའི་ཆུན་གྱིས་ཀུན་སྤྱོད་བཟང་བའི་མི་སྣ་གསོ་སྐྱོང་བྱེད་པའི་ལས་འགན་གཙོ་བོ་བརྟན་སྲུང་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ནང་དོན་གལ་ཆེན་དུ་བརྩིས་ཏེ་སློབ་གཞི་དང་སློབ་ཚན་དུ་འཇུག་པ་དང་སེམས་སུ་ཟུག་པར་བྱས་ཐོག་མཐོ་སློབ་ཀྱི་དགེ་སློབ་ལ་བསམ་པའི་འཚོ་བཅུད་གསབ་རྒྱུར་ཁྲིད་སྟོན་བྱེད་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་ཁོང་ཚོ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་ཁྱབ་སྤེལ་བ་དང་། ལག་བསྟར་བ། སྲུང་སྐྱོང་བ་བཅས་སུ་འཚར་ལོངས་ཡོང་བར་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད། 

    “དུས་རབས་གོང་མའི་ལོ་རབས་80པ་ནས་བཟུང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས‘འཚེ་མེད་ཞི་བ’གང་ཐུབ་ཅི་ཐུབ་ཀྱིས་འུད་སྒྲོག་བྱས་ཏེ་གང་སར‘ཞི་བདེར་དགའ་ཞེན་དང་། རང་བཙན་འདོར་བའི’ཆོས་ལུགས་ཀྱི་གཙོ་འཛིན་གྱི་གཟུགས་བརྙན་བཏོད་ནས་རྒྱལ་སྤྱིའི་ཐོག་གི་མི་ཁ་ཤས་རྨོངས་སུ་བཅུག་ཡོད་མོད། འོན་ཀྱང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་བྱ་ཐབས་ཇི་ལྟར་གྱུར་ཀྱང་ཁོ་པའི‘བོད་རང་བཙན’གྱི་ཧམ་སེམས་ལ་འགྱུར་ལྡོག་བྱུང་མེད་པ་དང་། བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་ལངས་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་པ། ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད་བྱེད་འདོད་པའི་གཟུགས་བརྙན་ལ་འགྱུར་ལྡོག་བྱུང་མེད”ཅེས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་2018ལོའི་འབྲོག་ལས་དང་ཕྱུགས་སྨན་ཚན་ཁག་གི་སློབ་མ་ཝང་ལིན་གྱིས་བརྗོད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་བྱེད་པའི་རིམ་སྤེལ་དཔྱད་གཏམ་ལྟ་ཀློག་དང་སློབ་སྦྱོང་བྱས་པ་བརྒྱུད། རང་ཉིད་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་དེ་བས་གསལ་པོ་བྱུང་ཞེས་བརྗོད། 

    ཝང་ལིན་གྱིས་འདི་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཡིན་པ་དང་། ལོ་ངོ་60ཡི་རིང་བོད་ཀྱི་སྤྱི་ཚོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་མོད། འོན་ཀྱང་དེང་སྐབས་ཀྱི་དུས་བབ་ལ་བལྟས་ཚེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད། དེང་སྐབས་ཀྱི་སློབ་ཆེན་སློབ་མ་ཞིག་གི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་བ་དང་། ཧུར་བརྩོན་གྱི་ཁྱབ་སྤེལ་བ། དཔེ་བཟང་ལག་བསྟར་བ་བཅས་སུ་འཚར་ལོངས་ཡོང་ཐབས་ཧུར་ཐག་བྱས་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་འབད་བརྩོན་བྱེད་ཀྱི་ཡིན་ཞེས་བརྗོད། 

    “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་རེད། 1959ལོར་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བོད་ནི་སྔར་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་གནས་པ་དང་དེའི་མུན་ནག་དང་གདུག་རྩུབ་ནི་དུས་རབས་དཀྱིལ་མའི་ཡོ་རོབ་ཀྱི་ཞིང་བྲན་ལམ་ལུགས་ལས་ཀྱང་ལྷག་པ་ཡོད”ཅེས་བོད་དམག་ཁུལ་ཁང་ལྷ་ས་བརྒྱད་གཅིག་སློབ་གྲྭའི་དགེ་རྒན་ཝང་ཧུང་གིས་བློ་ཐག་ཆོད་པོས་བརྗོད། 

    “མཐུན་སྒྲིལ་ཡར་ཐོན་ནི་དེང་སྐབས་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་དང་། མི་སེམས་ཀྱི་གཏད་ཕྱོགས། དུས་ཀྱི་འཁོར་ཕྱོགས་བཅས་ཡིན་པ་དང་རང་བཙན་དང་ཁ་ཕྲལ་གྱི་བྱེད་སྤྱོད་སྤེལ་བ་ནི་རྟ་ལམ་གྲོག་མས་བཀག་པ་དང་རང་ཚོད་མི་ལོན་པ་ཞིག་ཡིན་པས་མི་རིགས་ཁག་གི་མི་དམངས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ངེས་ཡིན་པ་མ་ཟད་རྦད་དེ་ཕམ་ངེས་རེད”ཅེས་ཝང་ཧུང་གིས་བརྗོད་པ་དང་། ང་ཚོས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་གཡུལ་ས་གཙོ་བོ་བརྟན་སྲུང་བྱས་ནས་རྒྱ་ཆེའི་སློབ་མས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་ནི་ང་ཚོའི་འགན་འཁྲི་ཡིན་ལ་དེ་བས་འོས་འགན་ཞིག་ཀྱང་རེད་ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།