[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • དད་ལྡན་མང་ཚོགས་ལ་ཡང་དག་པའི་ཆོས་ལུགས་ཀྱི་འཛད་སྤྱོད་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན།

    ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཏིང་རྔུལ་བོན་དགོན་གྱི་སྤྲུལ་སྐུ། ཚེ་དབང་མགོན་པོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-04

    “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་བརྒྱུད། འདུལ་ཁྲིམས་གཙང་མ་སྲུང་བ་དང་། ཤེས་ཡོན་ལ་བརྩོན་འགྲུས། ཡོན་ཚད་མཐོ་བ་བཅས་བྱ་རྒྱུ་ནི་གྲྭ་བཙུན་གྱི་ཚེ་གང་དོན་གཉེར་བྱེད་ཡུལ་ཞིག་ཡིན་ལ། གྲྭ་བཙུན་རྣམས་ལུས་སེམས་ཆགས་རྟེན་གྱི་རྩ་བ་ཞིག་ཀྱང་ཡིན་པ་ང་ཚོས་ངོས་འཛིན་གཏིང་ཟབ་ཐུབ་བྱུང་། ང་ཚོས་ཤཱཀྱ་ཐུབ་པའི་བཀའ་སློབ་ལ་བརྩི་སྲུང་ཞུས་ནས་འགྲོ་མགོན་འཕགས་པ་དང་། ཙོང་ཁ་པ། པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་སོགས་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མ་སྐྱེས་ཆེན་གྱི་ཀུན་སྤྱོད་བཟང་པོར་སློབ་སྦྱོང་ཞུ་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་ཁེ་ཕན་གྱི་བསླུ་ཁྲིད་ལ་མི་ཚུད་པ་དང་། མིང་སྟོང་ཆེད་དུ་མི་བརྩོན་པ། གོམས་འདྲིས་ངན་པས་ཤུགས་རྐྱེན་མ་ཐེབས་པ། བབ་ཆགས་དོས་ཆད་ཐུབ་པ་དང་འདུལ་ཁྲིམས་སྲུང་ཐུབ་པ། ཆོས་ལུགས་གསུང་རབ་ལ་རྩེ་གཅིག་ཏུ་གཞོལ་བ། ཞིབ་སྦྱོང་གཏིང་ཟབ་བྱེད་པ། ཆོས་ལུགས་ཀྱི་ཆོ་ག་ཁོང་དུ་བྱང་ཆུབ་པ། བློ་རྩེ་གཅིག་སྒྲིམ་གྱིས་ནང་ཆོས་རྒྱུན་འཛིན་བྱེད་པ། རྒྱལ་སྐྱོང་འགྲོ་ཕན་ལ་དོན་གཉེར་བྱེད་པ་བཅས་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད།

    མིག་སྔར། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་བསྟུན་ནས་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཀྱི་འཛད་སྤྱོད་འདུ་ཤེས་ཐད་ཕན་ཚུན་བསྡུར་བ་དང་རྒྱས་སྤྲོས་ཆུད་ཟོས་ཀྱི་སྣང་ཚུལ་ཐོན་བཞིན་ཡོད། མང་ཚོགས་ལ་ལས་ཆོས་ལུགས་ཀྱི་གོམས་སྲོལ་མ་ཤེས་པས་གཤིན་པོ་དུར་སྐྱེལ་བྱེད་སྐབས་རྒྱུ་དངུལ་མང་པོ་བཏང་ནས་ཚེ་འདས་ཀྱི་གཉེར་ཉེར་གུས་ལུགས་ཆེན་པོ་བྱེད་ལུགས་མཚོན་པར་བྱས་ཏེ་རང་སེམས་བདེ་བར་འཁོད་ཐབས་བྱེད་པས་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ལྕི་རུ་འགྲོ་གི་ཡོད།

    ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཞིག་ཡིན་པའི་ང་ཚོས་དད་ལྡན་མང་ཚོགས་ཀྱིས་ཡང་དག་པའི་ཆོས་ལུགས་ཀྱི་འཛད་སྤྱོད་འདུ་ཤེས་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པར་འགན་འཁྲི་དང་འོས་འགན་ཡོད་པས་ཚན་རིག་ཤེས་དཔལ་གོང་དུ་བཀུར་བ་དང་། རང་རྟོགས་ངང་གོམས་སྲོལ་སྒྱུར་བ། གཤིན་པོ་དུར་སྐྱེལ་སྟབས་བདེ་བྱེད་པ། མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་བ། དབུལ་སྐྱོར་དཀའ་སེལ་དང་དགེ་སྒྲུབ་སྦྱིན་གཏོང་གི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ། གཙང་དག་གཟབ་ནན་དང་བབ་ཆགས་གྲོན་ཆུང་གི་འཚོ་བའི་སྤྱོད་ཚུལ་རང་རྟོགས་ངང་དར་སྤེལ་གཏོང་བ། འདོད་རྔམ་རྒྱས་སྤྲོས་ཀྱི་བསམ་བློ་དོར་བ། རྒྱས་གཤོམ་དོན་གཉེར་གྱི་སྤྱོད་ཚུལ་ངན་པ་དོར་བ་བཅས་བྱས་ནས་རྒྱུན་གཏན་གྱི་ཆོས་ལུགས་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་རྒྱུ་ཡིན།

    སླད་ཕྱིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་རིགས་མི་སྣར་བཏོན་གནང་བའི“ཚད་གཞི་བཞིའི”མཛུབ་སྟོན་གལ་ཆེན་ཁྲིད་སྟོན་དུ་བྱས་ནས་སློབ་གསོ་ལག་ལེན་གྱི་བྱེད་སྒོར་རང་འགུལ་ངང་ཧུར་ཐག་ཞུགས་པ་དང་། སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་ཐོན། བདེ་ཐང་ཤེས་དཔལ་བཅས་ལ་བསྟན་དོན་འདུལ་ཁྲིམས་ཡང་དག་པའི་གསལ་འགྲེལ་བྱེད་པ། ཏང་དང་སྲིད་གཞུང་གིས་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་པའི་ལས་དོན་ལ་གཞོགས་འདེགས་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁ་ཕྲལ་སིམ་འཛུལ་དང་གཏོར་བཤིག་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་གཅིག་སེམས་གཅིག་དང་། བློ་ཁ་གཅིག་ཕྱོགས། སེམས་མཐུན་མདུན་སྐྱོད་བཅས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་རྒྱུ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།