[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • སྤོ་བོ་རྫོང་རྦ་ཁ་དགོན་གྱི་དགེ་འདུན་པ་བུ་བསོད་ནམས་ཀྱིས།

    དགེ་འདུན་པས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་ཞིག་བྱེད་དགོས་ཞེས་བཤད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-08

    འདི་ལོ་ཚུན“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད”ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོ་རང་ལྗོངས་སུ་རྒྱ་ཁྱབ་ངང་སྤེལ་བས། རྒྱ་ཆེའི་གྲྭ་བཙུན་ལ་སློབ་གསོ་ལག་ལེན་གྱི་བྱེད་སྒོ་བརྒྱུད་ཇི་ལྟར་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཡག་པོ་ཞིག་བྱ་རྒྱུའི་ཐད་སྔར་བས་ཟབ་པའི་མྱོང་ཚོར་བྱུང་ཡོད།

    ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྦ་ཁ་དགོན་གྱི་དགེ་འདུན་པ་བུ་བསོད་ནམས་ཀྱིས། སློབ་གསོ་ལག་ལེན་གྱི་བྱེད་སྒོ་དེ་བརྒྱུད་རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་འདུན་པ་ཞིག་ཡིན་པའི་ངས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་ཞིག་བྱེད་དགོས་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་རིགས་ཀྱི་མི་སྣར་བཏོན་པའི་བླང་བྱ་ཞིག་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཚད་ལོན་མིན་ལ་ལྟ་བའི་ཚད་གཞི་ཞིག་རེད་ཅེས་བཤད།

    བུ་བསོད་ནམས་ཀྱིས“སློབ་གསོ་ལག་ལེན་གྱི་བྱེད་སྒོ་བརྒྱུད། རང་ཉིད་ཀྱི་ལྟ་བ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོའི་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི་ཆོད་སེམས་དང་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་པ་དང་སྦྲགས‘ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང’བཅས་ཀྱི་རྩ་དོན་གལ་ཆེན་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། བྱ་སྤྱོད་དངོས་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་ཟོལ་མེད། སྲུང་སྐྱོང་བཅས་བྱས་ཏེ་བསམ་བློའི་ཐད་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐད་བློ་ཁ་གཅིག་མཐུན། བྱ་སྤྱོད་ཐད་བསམ་སྦྱོར་གཅིག་མཐུན”བཅས་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི“འགག་རྩའི་སྐབས་ནུས་པ་ཐོན་པར་བྱེད་དགོས”ཞེས་པའི“འགག་རྩ”དེའི་ཐད་བུ་བསོད་ནམས་ཀྱིས་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་འབྲེལ་བའི་གནད་དོན་གལ་ཆེན་ནམ་ཡང་ན་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འབྲེལ་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་ཏང་གི་འགོ་ཁྲིད་དང་ལེན་སོགས་ཀྱི་ཏང་དང་རྒྱལ་ཁབ་ལ་མཁོ་སྐབས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་དང་མི་དམངས་ཀྱི་ཕྱོགས་སུ་ལངས་ཏེ་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་བ་དང་ངེས་པར་དུ་དར་ཆ་གསལ་སྟོན་ངང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་ངོ་རྒོལ་བྱས་ཏེ་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་བ་དང་འགག་རྩའི་སྐབས་ནུས་པ་ཐོན་པར་བྱས་ཏེ་ཚད་ལོན་གྱི་དགེ་འདུན་པ་བཟང་པོ་ཞིག་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།