[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་གྱིས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་བཏང་སྟེ།

    ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-16

    རང་ལྗོངས་ཀྱིས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས་བྱེད་སྒོ་སྤེལ་སྟངས་དང་ལས་སྟེགས་ཀྱི་གཞི་རྟེན་ཟམ་མི་ཆད་པར་གསར་གཏོད་བྱས་པ་དང་སྦྲགས། བརྟག་ཞིབ་གཏིང་ཟབ་དང་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག“གཅིག་རེ་ལྔའི”བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ནས་སློབ་གསོ་ལག་ལེན་བྱེད་སྒོ་ཟམ་མི་ཆད་པར་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་དེས་ཁོངས་གཏོགས་ཁུལ་གྱི་དགོན་སྡེའི་གྲྭ་བཙུན་སྒྲིག་འཛུགས་བྱས་ནས་དམག་དཔུང་དང་ས་གནས་མཐུན་འབྲེལ་ངང་དམག་སྒར་ལ་བསྐྱོད་པ་དང་། ལོ་རྒྱུས་འགྲེམས་ཁང་ལ་ལྟ་སྐོར། སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ལ་གུས་འཇལ་ཞུ་བ་བཅས་ཀྱི་བྱེད་སྒོ་སྤེལ་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱས་པ་དང་རྒྱ་ཆེའི་གྲྭ་བཙུན་ལ་རང་རྟོགས་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ཡོད། སློབ་གསོ་ལག་ལེན་བྱེད་སྒོའི་གཙོ་རྐང་དང་བརྗོད་དོན་གཙོ་བོར་དམིགས་ཏེ་ཡིག་གཟུགས་དང་པར་རིས་འགྲེམས་སྟོན་གཉེར་ནས་གྲྭ་བཙུན་ལ་རང་ཉིད་ཀྱི་སློབ་སྦྱོང་མྱོང་ཚོར་ཡིག་གཟུགས་བརྩམས་ཆོས་ཀྱི་རྣམ་པར་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་སུ་སྤེལ་རེས་བྱ་རྒྱུའི་ལྕག་སྐུལ་བྱས་ཡོད། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སྐོར་ཚང་མས་གླེང་བའི་བྱེད་སྒོ་སྤེལ་ནས་དེར་ཞུགས་གྲྭ་བཙུན་གྱིས་རང་ཉིད་ཀྱི་བསམ་བློ་དང་། སློབ་སྦྱོང་། འཚོ་བའི་དོན་དངོས་བཅས་དང་ཟུང་འབྲེལ་བྱས་ནས་ངོས་འཛིན་དང་། མྱོང་ཚོར། འབད་འཐབ་ཀྱི་ཁ་ཕྱོགས་བཅས་གླེང་བར་སྐད་ཆ་བབ་ཆགས་ལ་ལྷག་བསམ་ཟོལ་མེད་ཡིན་པ་རེད། གྲྭ་བཙུན་སྒྲིག་འཛུགས་ཀྱིས་བླ་མ་སྐྱེས་ཆེན་དམ་པར་བཅར་འདྲི་བྱས་པའི་ཟིན་ཐོ་བསྟན་པ་དང་། ཟུར་ཁྲིད་སྒྲོག་འགྲེལ་བརྙན་ལམ་ཐེངས་124ལྟ་ཉན་བྱེད་དུ་བཅུག་ནས་གྲྭ་བཙུན་རྣམས་ལ་བླ་མ་སྐྱེས་ཆེན་དམ་པའི་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་དེ་དག་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད། འབྲེལ་ཡོད་ཚོད་རྒྱུགས་བཏང་ནས་གྲྭ་བཙུན་གྱིས《ཆོས་ལུགས་ལས་དོན་སྲོལ་ཡིག》སློབ་སྦྱོང་དང་ཁོང་དུ་ཆུད་ཚད་ལ་གཙོ་གནད་ལྟ་ཞིབ་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་དང་སློབ་སྦྱོང་གི་སྦྱངས་འབྲས་སྲ་བརྟན་དུ་བཏང་བས། གྲྭ་བཙུན་རྣམས་ཚོད་རྒྱུགས་ལོན་ཚད་100%ཟིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།