[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • རིན་སྤུངས་རྫོང་གིས“ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན”གྱི་རྩོམ་བསྡུའི་དཔྱད་བསྡུར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-10

    ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་ཆེད། ཉེ་ཆར། རིན་སྤུངས་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་བཀོད་སྒྲིག་ལ་གཞིགས་ནས་རྫོང་ཡོངས་ཀྱི་དགོན་སྡེ་18ལ“ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན”གྱི་རྩོམ་བསྡུའི་དཔྱད་བསྡུར་བྱེད་སྒོ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོར་དགོན་སྡེ་དོ་དམ་སྒྲིག་གཞི་ཁག་གིས“ཚད་གཞི་བཞི་བརྩི་སྲུང་ལག་བསྟར་བྱས་ནས་སྔོན་ཐོན་གྱི་གྲྭ་བཙུན་བརྩོན་ལེན་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་དང་གསར་དུ་བཟོ་བཅོས་བརྒྱབ་པའི《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། 《ཆོས་ལུགས་ཁྱབ་ཁོངས་སུ“ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན”གྱི་རྩོམ་བསྡུའི་དཔྱད་བསྡུར་བྱེད་སྒོའི་སྐོར་གྱི་རིན་སྤུངས་རྫོང་གི་བརྡ་ཐོའི》བླང་བྱར་གཞིགས་ནས“ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན”བརྗོད་བྱ་གཙོ་བོར་བྱས་ཏེ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་ལེན་ནན་པོ་བསྟར་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཡོད།

    དུས་ཡུན་ཉིན་དགུ་ཡི་དཔྱད་བསྡུར་བརྒྱུད་ཁྱོན་རྩོམ་ཡིག་60ཙམ་བསྡུས་ཡོད། རྒྱ་ཆེའི་གྲྭ་བཙུན་གྱིས་རིན་སྤུངས་རྫོང་གི་དོན་དངོས་དང་ཟུང་འབྲེལ་གྱིས་ལྷུག་རྩོམ་དང་། སྙན་ངག ཇི་བཞིན་བརྗོད་པའི་རྩོམ་ཡིག་སོགས་ཀྱི་རྩོམ་ལུས་རྣམ་པ་སྤྱད་དེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱེད་པར་གོ་བ་ལེན་ཚུལ་མཚོན་པར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།