[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • “ནང་པ་སངས་རྒྱས་པས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་སྲུང་མཁན་གྱི་མིག་དཔེ་བྱེད་དགོས”

    ཆབ་མདོ་གྲོང་ཁྱེར་བྱམས་པ་གླིང་གི་དགེ་འདུན་པ་བསྟན་འཛིན་ཡོན་ཏན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-27

    འདི་ལོ་ཚུན། ཆབ་མདོ་གྲོང་ཁྱེར་བྱམས་པ་གླིང་གིས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་དགོན་སྡེའི་དགེ་འདུན་པའི་ཁྲོད“ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཞིང་། ན་གཞོན་དགེ་འདུན་པ་བསྟན་འཛིན་ཡོན་ཏན་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་སྒྲོག་འགྲེལ་ཚོགས་ཆེན་ལ་ཞུགས་པ་དང་རང་སྦྱོང་བྱས་རྗེས་གྲུབ་འབྲས་མི་དམན་ཞིག་ཐོབ་ནས་བཀའ་དྲིན་ཚོར་བ་དང། བཀའ་དྲིན་འཇལ་བ། བཀའ་དྲིན་བློ་ལ་འཆང་བ་བཅས་བྱ་རྒྱུ་དེ་བས་བརྟན་དུ་དང་ཟབ་ཏུ་ཕྱིན་ཡོད་པ་རེད། 

    བསྟན་འཛིན་ཡོན་ཏན་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་ཡོངས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་ནུས་པ་བཏོན་ཡོད་ལ། བོད་ཀྱི་ངོས་ནས་བརྗོད་ནའང་དེ་ལྟར་རེད། 1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་ཡོད་ཅེས་བཤད། 

    ཁོང་གིས“དགེ་འདུན་པ་ཞིག་གི་ངོས་ནས་རྩ་དོན་མཐའ་འཁྱོངས་བྱེད་དགོས་ལ། རྩ་བའི་མཐའ་ཚད་ཡོད་དགོས། དེ་ནི་ཐོག་མཐའ་བར་གསུམ་དུ་ཏང་དང་མེས་རྒྱལ་ལ་སེམས་པ་ཕྱོགས་ནས་དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་དང་རང་རྟོགས་ངང་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་དགོས། བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་མངའ་ཁོངས་ས་ཆ་ཞིག་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་དགོས”ཞེས་བཤད། 

    བསྟན་འཛིན་ཡོན་ཏན་གྱིས་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་དང་ཆོས་ལུགས་ཀྱི་ཆོ་ག་ཁོང་དུ་ཆུད་པ་དེ་ཏང་དང་རྒྱལ་ཁབ་ཀྱིས་གྲྭ་བཙུན་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བ་དང་ཁ་འབྲལ་ཐབས་མེད། 2012ལོར་བྱམས་པ་གླིང་དུ“ཡོད་པ་དགུ”མངོན་འགྱུར་བྱུང་བ་དང་སྲིད་གཞུང་གིས་གྲྭ་དམངས་ལ་རྒན་གསོ་འགན་བཅོལ་གཉེར་བ་དང་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པར་བྱས་ཡོད། 

    ད་ཕན་ལོ་ཤས་རིང་། ཏང་གི་ཐུགས་ཁུར་དང་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལ་བརྟེན་ནས་བསྟན་འཛིན་ཡོན་ཏན་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་དང་བོད་བརྒྱུད་ནང་བསྟན་གྱི་ན་གཞོན་འཐུས་མི་ཚོགས་པའི་འཚམས་འདྲིའི་བྱེད་སྒོར་ཞུགས་པ་དང་རྒྱལ་ཡོངས་ས་གནས་ཁག་ཏུ་ལྟ་སྐོར་དུ་བསྐྱོད་པར་བརྟེན་མིག་རྒྱང་རིང་དུ་ཕྱིན་པ་མ་ཟད། ཐོས་རྒྱ་ཡང་ཆེ་རུ་ཕྱིན་ཡོད། ཁོང་གིས་སླད་ཕྱིན་སློབ་སྦྱོང་ལ་མུ་མཐུད་འབད་བརྩོན་བྱས་ཏེ་མཐོང་རྒྱ་དང་ཐོས་རྒྱ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྣེ་ཁྲིད་བྱེད་མཁན་གྱི་དགེ་འདུན་པ་ཞིག་བྱ་རྒྱུ་ཡིན་ཞེས་བཤད། 

    བསྟན་འཛིན་ཡོན་ཏན་གྱིས་ཆུང་དུས་ནས་དགེ་འདུན་པ་ཞིག་གིས་འཁུར་དགོས་པའི་འགན་འཁྲི་ལྕི་པོ་ཤེས་ཀྱི་ཡོད། དགེ་འདུན་པས་འདུལ་ཁྲིམས་ཚད་གཞིར་བྱེད་པ་དང་བཅའ་ཁྲིམས་མཐའ་ཚད་དུ་བྱེད་དགོས། དགེ་འདུན་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་པས་རྩ་ཁྲིམས་ལ་བརྩི་བཀུར་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་དེ་ནི་རྩ་བའི་བླང་བྱ་ཞིག་རེད། ནང་པ་སངས་རྒྱས་པ་ཞིག་གི་ངོས་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་མཁན་གྱི་མིག་དཔེ་ཞིག་བྱས་ནས་སྤྱི་དམངས་ཀྱི་དབང་ཆ་དང་འོས་འགན་སྒྲུབ་དགོས་ཞེས་བཤད། 

    ཏང་གི་བཀའ་དྲིན་བརྗོད་ན་བརྗོད་ཚར་རྒྱུ་མེད། བསྟན་འཛིན་ཡོན་ཏན་གྱིས་སློབ་གསོ་ལག་ལེན་བྱེད་སྒོ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ཏེ་སྙིང་རུས་ཆེན་པོས་སློབ་སྦྱོང་ལ་ཤུགས་སྣོན་དང་རང་རྟོགས་ཀྱི་བྱ་སྤྱོད་ཐོག་ནས་འགན་འཁྲི་བསྒྲུབས་པ་དང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀའ་སློབ་ལ་ཉན་རྒྱུ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀའ་སློབ་བྱ་སྤྱོད་ཀྱི་ཚད་གཞི་དང་འབད་འཐབ་ཀྱི་ཁ་ཕྱོགས་སུ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།