[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • མཚོ་སྨད་རྫོང་གིས་དགེ་འདུན་པ་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་སློབ་གསོའི་གླེང་སྟེགས་ཆུང་གྲས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-21

    “ཚད་གཞི་བཞིར་སྲུང་བརྩི་ལག་བསྟར་གྱིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”ལག་ལེན་བྱེད་སྒོ་སྔར་བས་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་ཆར། མཚོ་སྨད་རྫོང་གིས“ཚད་གཞི་བཞིར་བརྩི་སྲུང་ལག་བསྟར་གྱིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། རྒྱ་ཆེའི་དགེ་འདུན་པ་དང་དགོན་སྡོད་ལས་བྱེད་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་སློབ་སྦྱོང་སློབ་གསོའི་གླེང་སྟེགས་ཆུང་གྲས་ཀྱི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། རྒྱ་ཆེའི་དགེ་འདུན་པ་ཚོས“ཚད་གཞི་བཞི”བྱ་སྤྱོད་ཀྱི་ཚད་གཞི་དང་འབད་བརྩོན་བྱེད་ཕྱོགས་སུ་བརྩིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣར་གནང་བའི་བསླབ་བྱ་ཟབ་མོ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་ཞུ་བ། བསམ་་ཐོག་་མས་གག་མན་དང་། དཌ་ཚད་ག་་ཁ་གག་མན། ་ད་ག་བསམ་ར་གག་མན་བཅས་ཡོང་བ་བྱེད་པ། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱེད་པ། རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། དགེ་སྤེལ་སྐྱོན་སྤོང་། ཞི་མཐུན་བརྩི་བཀུར་བཅས་ཀྱི་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་བཅས་བྱས་ནས་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ཤེས་བྱར་སྦྱངས་བརྩོན། དཀའ་སྤྱད་སློབ་སྦྱོང་། སྒྲིག་བཀུར་ཁྲིམས་སྲུང་། ཀུན་སྤྱོད་ལེགས་པོ། བྱས་རྗེས་ཧུར་འཇོག ནུས་པ་འདོན་སྤེལ་གང་ལེགས་བཅས་ཀྱི་དཔེ་མཚོན་དགེ་འདུན་པ་ཞིག་བྱ་རྒྱུ་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།