[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་མཇལ་འཛོམས་གནང་བ།

    ​ ཀྲོང་ཡན་དང་བཅས་པས་ལྷན་དུ་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-23

    res01_attpic_brief (1).jpg

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་མཇལ་འཛོམས་གནང་བ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་མཇལ་འཛོམས་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། བསྟན་ཁོ། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན་བཅས་ཀྱིས་ལྷན་དུ་མཇལ་འཛོམས་གནང་བ་རེད།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་དང་ཆོས་ཕྱོགས་བྱེད་སྒོ་སྤེལ་བར་ཕེབས་པར་དགའ་བསུ་ཞུས་པ་རེད། ཝུའུ་དབྱིང་ཅེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་དང་ ཁོང་གིས་འདས་ཟིན་པའི་ལོ་གཅིག་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། སྤྱི་འདོམས་འཆར་འགོད་དང་འགག་སྒྲོལ་དཀའ་སེལ་བྱེད་པ་དང་ཤུགས་སྣོན་རྒྱུན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་ལས་དོན་ཁག་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་པ་ཐོབ་པ་དང་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས་སྣོད་བཅུད་བཅས་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་གྲས་སུ་སླེབས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རང་ཉིད་འགྲམ་གྱི་འཕེལ་རྒྱས་གསར་པ་དང་འཕོ་འགྱུར་གསར་པའི་ཁྲོད་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་གང་ལེགས་ཚོར་ཐུབ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་དེ་བས་རང་རྟོགས་ངང་སྲུང་སྐྱོབ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་དེ་བས་རང་རྟོགས་ངང་སྲུང་སྐྱོབ་བྱས་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་འཚར་ལོངས་དང་ཡར་རྒྱས་ཡག་པོ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཐུགས་ལ་བརྟན་པོ་བཅངས་ནས་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན། སྙིང་རུས་ཆེན་པོས་ཤེས་ཡོན་སྦྱོང་བ། ཐོས་བསམ་ལ་གཞོལ་བ་བཅས་གནང་ནས་ནང་བསྟན་གྱི་སྐུ་ཡོན་མཐོ་བ་དང་སེར་སྐྱ་མང་ཚོགས་ཀྱིས་དད་གུས་ཆེན་པོ་ཐོབ་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཞིག་ཏུ་ཧུར་ཐག་འགྱུར་བ་གནང་དགོས་པའི་ཐུགས་རེ་གནང་བ་སྟེ། གཅིག་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པའི་མིག་དཔེ་ཞིག་གནང་སྟེ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་མིག་དཔེར་འཛིན་ནས་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་གཙོ་འཛིན་གྱི་གནས་བབ་ལ་རང་རྟོགས་ངང་གོང་བཀུར་ཞུ་བ། ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་སོགས་བྱེད་པའི་ཡིན་མིན་ཆེན་པོའི་གནད་དོན་གྱི་མདུན་དུ་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་ཧ་ཅང་བརྟན་པོ་དང་། དར་ཆ་ཧ་ཅང་གསལ་སྟོན། བྱ་སྤྱོད་ཧ་ཅང་བློ་ཐག་ཆོད་པོ་བཅས་གནང་དགོས་པ་དང་། གཉིས་ནས་ཆོས་ལུགས་ཐད་ཡོན་ཚད་ལྡན་པའི་མིག་དཔེ་གནང་ནས་ནང་བསྟན་གསུང་རབ་ལ་མུ་མཐུད་བརྩོན་ཞིབ་དང་ཤེས་ཡོན་ལེགས་པར་སྦྱངས་ནས་ཆོས་ལུགས་ཀྱི་སྐུ་ཡོན་དང་ཀུན་སྤྱོད་བློ་སྦྱོང་ཆུ་ཚད་མུ་མཐུད་གོང་མཐོར་བཏང་སྟེ་འདུལ་ཁྲིམས་དང་བསྟན་དོན་ལ་དུས་རབས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་བླང་བྱ་དང་མཐུན་པའི་དགོངས་འགྲེལ་གནང་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་དང་དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་སློབ་གསོ་ཁྲིད་སྟོན་གནང་ནས་སྐྱོན་བྲལ་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་དང་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་གནང་དགོས་པ། གསུམ་ནས་ཀུན་སྤྱོད་ཐད་དམངས་ཡི་རང་བའི་སློབ་གསོ་ཐེབས་པའི་དཔེ་བཟང་གནང་ནས་སྣེ་ཁྲིད་དེ་ཁྲིམས་སྦྱོང་བ་དང་ཁྲིམས་སྲུང་བ་དང་སྡོམ་པ་ནན་པོ་བསྲུངས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་བསྟར་གནང་བ་དང་སྐུ་ཡོན་ལ་བརྟེན་ནས་དམངས་ཡི་རང་བ་དང་། ཀུན་སྤྱོད་ལ་བརྟེན་ནས་དམངས་ལ་སློབ་གསོ་གཏོང་བ། བྱ་སྤྱོད་ལ་བརྟེན་ནས་དཔེ་སྟོན་བཅས་གནང་དགོས་པ། བཞི་ནས་འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པའི་མིག་དཔེ་གནང་ནས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་སོགས་འགག་རྩའི་སྐབས་ཐོག་མཐའ་བར་གསུམ་དུ་ཐུགས་རྩ་བརྟན་པོས་ཏང་དང་མི་དམངས་དང་མཉམ་དུ་གནས་ཐུབ་པ་དང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་འཐབ་རྩོད་མཐའ་གཅིག་ཏུ་གནང་དགོས་པ་བཅས་རེད།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་དུས་ཡུན་ལོ་གཅིག་ཀྱང་མ་ཕྱིན་པར་སླར་ཡང་ཕ་ཡུལ་དུ་ལོག་ནས་བོད་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ་མིག་མཐོང་ལག་ཟིན་བྱུང་བ་དེ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གནང་སྐབས་སེམས་ཐག་གཙང་བཅད་དང་ནུས་ལྡན་ཡིན་པ། མི་རིགས་ཁག་གི་མང་ཚོགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དང་མཐུན་སྒྲིལ་མཛའ་གྲོགས་ལྡན་པའི་མྱོང་ཚོར་ཟབ་མོ་བྱུང་ཞེས་གསུངས་པ་རེད།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་སྤྱི་ཁྱབ་ཧྲུའུ་ཅིས་བཀའ་མངགས་ཡང་ཡང་གནང་བ་བློ་ལ་བརྟན་པོ་ངེས་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་མིག་དཔེར་འཛིན་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ཏེ་རང་ཉིད་ཀྱི་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་ལ་ལས་སླ་པོར་བྱུང་བ་ཞིག་མིན་པའི་ཁོར་ཡུག་ཧ་ཅང་བཟང་པོར་གཅེས་སྤྲས་ལྡབ་བརྒྱ་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་བཅའ་ཁྲིམས་དང་འདུལ་ཁྲིམས་སྲུང་བ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་པ། ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་བྱས་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།