[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ཝུའུ་དབྱིང་ཅེས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དུ་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་ལས་དོན་ལ་རྟོག་ཞིབ་གནང་སྐབས།

    ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-11

    530444_yis_1531199515494_s.jpg

    ཟླ་7ཚེས་9ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དུ་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་ལས་དོན་ལ་རྟོག་ཞིབ་གནང་ཞིང་། འདི་ནི་བྲག་གཡབ་རྫོང་དབྱེན་འདུམ་དགོན་དུ་ཝུའུ་དབྱིང་ཅེས་དགོན་སྡེ་དོ་དམ་དང་རིག་དངོས་སྲུང་སྐྱོབ་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བའི་གནས་ཚུལ་ཡིན་པ།

    ཚེས་9ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དུ་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དང《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། ཁྲིད་སྟོན་ཐད་འབད་བརྩོན་ཧུར་ཐག་བཅས་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    བྲག་གཡབ་རྫོང་དབྱེན་འདུམ་དགོན་དུ་ཝུའུ་དབྱིང་ཅེས་ཕེབས་ཞོར་དུ་ཞིབ་པར་གཟིགས་ནས་དགོན་སྡེ་དོ་དམ་དང་རིག་དངོས་སྲུང་སྐྱོབ་སོགས་ལས་དོན་སྐོར་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། བྲག་གཡབ་རྫོང་གིས་དགོན་སྡེ་དོ་དམ་གསར་གཏོད་བྱས་ཏེ“1+N”ཡུག་ཁུལ་གྱི་དགོན་སྡེ་དོ་དམ་ལས་དོན་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བར་གྲུབ་འབྲས་བཟང་པོ་ཐོབ་པ་མཁྱེན་རྗེས། ཝུའུ་དབྱིང་ཅེས་དགོན་སྡེར་དོ་དམ་བྱ་རྒྱུ་ནི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་བྱ་ཐབས་གསར་གཏོད་དང་། དམ་འཛིན་ཡག་པོ། དམ་འཛིན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་དང་། ཁོང་གིས་དགེ་འདུན་པ་ཚོར་ཆ་རྐྱེན་ལྡན་པའི་ས་ཆར“ལྗོན་ཤིང་མེད་པའི་དུད་ཚང”མི་ལྷག་པ་བྱེད་པའི་བྱ་སྤྱོད་ལ་ཧུར་ཐག་ཞུགས་ཏེ་ཤིང་འཛུགས་ནགས་གསོ་དང་ཁོར་ཡུག་མཛེས་བཟོ་བྱས་ནས་ཐུན་མོང་ཐོག“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ”ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

    དེ་རྗེས་ཝུའུ་དབྱིང་ཅེས་དགོན་སྡོད་མི་དམངས་ཉེན་རྟོག་པར་བྱམས་བརྩེའི་ངང་གཟིགས་པ་དང་། དྲ་མིག་ཅན་གྱི་དོ་དམ་དང་དམངས་ཕན་ཞབས་ཞུའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་འབད་འཐབ་ཀྱི་དམིགས་ཚད་ལ་བརྩིས་ནས་ཞབས་ཞུ་དང་དོ་དམ་ལས་དོན་ཡག་པོ་སྒྲུབ་པ་དང་དགེ་འདུན་པའི་དཀའ་གནད་སེལ་རོགས་ཏན་ཏིག་བྱས་ཏེ་ཁོང་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་ཞེས་གསུངས།

    ཝུའུ་དབྱིང་ཅེ་དང་དབྱེན་འདུམ་དགོན་གྱི་དགེ་འདུན་པ་ཚོ་མཉམ་དུ་བཞུགས་ཏེ་གླེང་མོལ་གཏིང་ཟབ་གནང་ཞིང་། ཁོང་གིས་དབྱེན་འདུམ་དགོན་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དང་དགེ་འདུན་པ་ཚོའི་སྒོམ་སྒྲུབ་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་བརྒྱུད་ནང་བསྟན་ལས་རིགས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད། ཚང་མས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་པ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང“ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་བྱེད་པ”སོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་ཧུར་ཐག་ཞུགས་ཏེ་རྒྱལ་གཅེས་ཆོས་གཅེས་དང་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་གསུངས།

    གཅིག་ནས་ཆབ་སྲིད་ཐོག་བློས་འགེལ་ཆོག་པ་བྱེད་དགོས། རང་འགུལ་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་གཙོ་འཛིན་གནས་བབ་ལ་གོང་བཀུར་ཞུས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་བསམ་བློའི་ཐོག་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐོག་བློ་ཁ་གཅིག་མཐུན། བྱ་སྤྱོད་ཐོག་བསམ་སྦྱོར་གཅིག་མཐུན་བཅས་ཡོང་བར་བྱས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ངོས་འཛིན་གཏིང་ཟབ་དང་། ཁ་ཕྲལ་ལ་ངོ་རྒོལ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་སོགས་ཡིན་མིན་ཆེན་པོའི་མདུན་དུ་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་བརྟན་པོ་དང་། དར་ཆ་གསལ་སྟོན། བློ་ཐག་ཆོད་པོ་བཅས་བྱེད་དགོས།

    གཉིས་ནས་ཆོས་ལུགས་ཐོག་ཡོན་ཚད་མཐོ་པོ་དགོས། ནང་བསྟན་གསུང་རབ་ལ་མུ་མཐུད་གཞོལ་ནས་ཡོན་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་རྩེ་གཅིག་ཏུ་གཞོལ་ནས་གོ་བ་ལེན་པ་དང་རང་འགུལ་ངང་ཞབས་འདེགས་ཞུས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་སྤྱི་ཚོགས་འཕེལ་རྒྱས་དང་། དུས་རབས་གོང་འཕེལ། མི་དམངས་བདེ་སྐྱིད་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་དང་དར་སྤེལ་ཧུར་ཐག་བཏང་སྟེ་ཆོས་ཁྲིམས་བསྟན་དོན་ལ་དུས་རབས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་རེ་བ་དང་འཚམ་པའི་འགྲེལ་བཤད་རྒྱག་པ་དང་། རྒྱ་ཆེའི་གྲྭ་བཙུན་གྱིས་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། བརྟན་ལྷིང་སྲུང་སྐྱོང་བཅས་བྱ་རྒྱུའི་སློབ་གསོ་གཏོང་བ། ཆོས་དད་མང་ཚོགས་ཀྱིས་བློ་གྲོས་དང་སྟོབས་ཤུགས་ཐོན་སྐྱེད་འཕེལ་རྒྱས་དང་། ལས་བརྩོན་ཕྱུག་འགྱུར། འཚོ་བ་ལེགས་བཅོས་བཅས་ལ་འདོན་རྒྱུར་ཁྲིད་སྟོན་བྱེད་དགོས།

    གསུམ་ནས་ཀུན་སྤྱོད་ཐད་ཀུན་གྱི་དད་མོས་ཐོབ་དགོས། འགོ་ཁྲིད་དེ་ཁྲིམས་སྦྱོང་དང་ཁྲིམས་སྲུང་བྱས་ཏེ་ཁྲིམས་ལུགས་ཀྱི་ཆོག་འཁྲོལ་གྱི་ཁྱབ་ཁོངས་སུ་ཆོས་ལུགས་བྱེད་སྒོ་སྤེལ་བ་དང་། འདུལ་ཁྲིམས་ལ་བརྟེན་ནས་དགེ་འདུན་པའི་ཚུལ་ཁྲིམས་ལ་དག་ཐེར་བྱེད་པ་དང་། སྤྱོད་ཚུལ་ཚད་ལྡན་དུ་གཏོང་བ། ཞི་མཐུན་རྒྱུན་འཁྱོངས། སྒྲིག་ལམ་སྲུང་སྐྱོང་། རང་འགུལ་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་ཏེ་ཡང་དག་པའི་ལོ་རྒྱུས་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བཙུགས་ནས་གོམས་སྲོལ་ཧུར་ཐག་སྒྱུར་བ་དང་རང་འགུལ་ངང་སྲོལ་གསར་དར་སྤེལ་གཏོང་དགོས།

    བཞི་ནས་འགག་རྩའི་དུས་སུ་ནུས་པ་ཐོན་དགོས། ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་སོགས་འགག་རྩའི་དུས་སུ་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་དང་བློ་བརྟན་འགྱུར་མེད་ངང་མཉམ་དུ་ལངས་ནས་འགན་འཁུར་ཕོད་པ་དང་། དར་ཆ་གསལ་སྟོན། རེ་འབོད་རྒྱག་ཕོད་པ། ཕྱིར་འཐེན་གཏན་ནས་མི་བྱེད་པ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། བདེ་ཐང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་བརྩོན་ལེན་བྱེད་པ། ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་བའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།

    དགེ་འདུན་པ་ཚོས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་པ་དང་། མཐའ་གཅིག་ཏུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

    ཝུའུ་དབྱིང་ཅེས་ད་དུང་དགོན་སྡོད་ལས་བྱེད་པར་བྱམས་བརྩེའི་ངང་གཟིགས་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ཚོར་ཐུགས་རྗེ་ཆེ་ཞུས་པ་རེད། ཝུའུ་དབྱིང་ཅེས་དགོན་སྡོད་ལས་ཀའི་ལས་གནས་དམིགས་བསལ་ཆེ་བ་དང་འགན་འཁྲི་གཟི་བརྗིད་ཆེ་བས། རྒྱ་ཆེའི་དགོན་སྡོད་ལས་བྱེད་པས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”ཆེ་རུ་བཏང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་བྱས་ཏེ་དར་ཆ་གསལ་སྟོན་ངང་ཁྲིམས་ལྟར་ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་དོ་དམ་ཁྲོད་ཞབས་ཞུ་ཡོད་པར་བྱས་ཏེ་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ཁ་ཞེ་གཉིས་མེད་ངང་གྲྭ་བཙུན་དང་གྲོགས་པོ་སྒྲིག་པ་དང་གྲྭ་བཙུན་གྱི་དཀའ་གནད་དངོས་སེལ་རོགས་བྱས་ཐོག ཁོང་ཚོ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དུ་བཅུག་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ཉེན་ཁའི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་སྟེ་འགན་འཁྲི་འཁུར་ཕོད་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་བྱས་ནས་དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད་དགོས་ཞེས་གསུངས།

    ཝུའུ་དབྱིང་ཅེས་འབྲེལ་ཡོད་སྡེ་ཚན་ལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་དགོན་སྡོད་ལས་བྱེད་པ་དང་དགོན་སྡོད་མི་དམངས་ཉེན་རྟོག་པར་ཐུགས་ཁུར་དང་གཟིགས་སྐྱོང་བྱེད་པ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་ལེགས་འདེམས་ཧྲག་སྒྲུག་བྱེད་པ། གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱེད་པ་བཅས་ཀྱིས་རྒྱ་ཆེའི་དགོན་སྡོད་ལས་བྱེད་པ་དང་དགོན་སྡོད་མི་དམངས་ཉེན་རྟོག་པའི་ཧུར་སེམས་སྔར་བས་འཕེལ་བར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།