[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སེ་ར་དགོན་དུ་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-11

    ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་རུ་སྣེ་ཁྲིད་དེ་སེ་ར་དགོན་དུ་ཕེབས་ནས་གཙོ་གནད་རིག་དངོས་སྲུང་སྐྱོང་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གསང་སྤྱོད་འཛུགས་སྐྲུན་དང་དོ་དམ། ཡུལ་སྐོར་སྣེ་ལེན་ཞབས་ཞུའི་ལས་དོན་བསྒྲུབས་ཚུལ་བཅས་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་སེ་ར་དགོན་གྱི་ཚོགས་ཆེན་འདུ་ཁང་དང་དེ་བཞིན་སྤྱི་པའི་ཡུལ་སྐོར་ཞབས་ཞུའི་ས་ཁོངས་སུ་གཟིགས་ཞིབ་གནང་ནས་འབྲེལ་ཡོད་འགན་འཁུར་བློ་མཐུན་ལ་བཀའ་འདྲི་དང་སྤེལ་རེས་གནང་སྟེ་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་དང་། གསང་སྤྱོད་འཛུགས་སྐྲུན། ཡུལ་སྐོར་བར་སྣེ་ལེན་ཞུ་ཚུལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་སེ་ར་དགོན་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཞིག་ཡིན་པས་དེར་སྔོན་མའི་ལྡེབས་རིས་འབོར་ཆེན་ཉར་ཚགས་བྱས་ཡོད་པ་ནི་བོད་ཀྱི་རིག་གནས་ཀྱི“མིང་བྱང”ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་དེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་སེ་ར་དགོན་གྱི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཡུལ་སྐོར་གྱི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གསང་སྤྱོད་གསར་བརྗེའི་འབྲེལ་ཡོད་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། མ་དངུལ་དོན་འཁྱོལ་བྱས་ནས་ཆེད་ལས་མི་སྣ་གདན་དྲངས་ཏེ་མཛེས་ལྗོངས་ཁུལ་གྱི་རིག་དངོས་ཉམས་གསོ་དང་སྲུང་སྐྱོང་ལས་དོན་འཐུས་སྒོ་ཚང་དུ་བཏང་ནས་མཛེས་ལྗོངས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་རིག་དངོས་སྲུང་སྐྱོང་བྱ་རྒྱུ་གཉིས་ཀར་ཕན་འབྲས་ཐོན་གང་ཐུབ་བྱེད་དགོས་པ། མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་དང་། ཞབས་ཞུའི་སྤུས་ཚད། ཡུལ་སྐོར་གྱི་སྤུས་ཚད། སྤྱི་པའི་ཞབས་ཞུའི་ཆུ་ཚད་བཅས་ཕྱོགས་ཡོངས་ནས་གོང་མཐོར་བཏང་ནས་མཛེས་ལྗོངས་ཁུལ་གྱི་དཔེ་མཚོན་རྩེ་གྲ་བསྐྲུན་ནས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་གཏོད་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།