[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • བོད་ལྗོངས་ནང་བསྟན་སློབ་གླིང་གིས་ཆེད་དོན་འཆད་ཁྲིད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-06

     ཚེས་4ཉིན་གྱི་ཕྱི་དྲོ། བོད་ལྗོངས་ནང་བསྟན་སློབ་གླིང་གིས“ཚད་གཞི་ཁག་བཞི་བརྩི་སྲུང་ལག་བསྟར་གྱིས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་ཧུར་ཐག་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སློབ་གསོ་ལག་ལེན་བྱེད་སྒོའི་ཆེད་དོན་འཆད་ཁྲིད་བྱས་པ་རེད།

    ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཆེད་དོན་འཆད་ཁྲིད་གནང་བ་རེད།

    འཆད་ཁྲིད་ནང་བསྟན་དོན། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་དགོན་སྡེར“ཚད་གཞི་ཁག་བཞི་བརྩི་སྲུང་ལག་བསྟར་གྱིས། སྔོན་ཐོན་གྲྭ་བཙུན་བརྩོན་ལེན་ཧུར་ཐག་བྱེད”ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་གཏན་འབེབས་བྱས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལྗོངས་ཡོངས་ཀྱི་དགོན་སྡེར་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བའི་ཞིབ་ཕྲའི་བྱ་ཐབས་ཤིག ཚང་མས་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་འདོགས་པའི་གནས་ལུགས་རྟོགས་པར་བྱེད་པ་ཞིག་བཅས་རེད།

    འཆད་ཁྲིད་ཐོག་ནན་བཤད་གནང་དོན། རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་གི་བཀའ་དྲིན་དང་ཏང་གི་དྲིན་ཚོར་གྱི་ཐུགས་ཁུར་བློ་ལ་བརྟན་པོར་ངེས་ནས་སྤྱོད་པ་གཙང་བ་དང་སྦྱངས་པ་ཧུར་ཐག་དང་དཀའ་སྤྱད་སྒོམ་སྒྲུབ་ཀྱི་མིག་དཔེ་དང་། སྒྲིག་བཀུར་ཁྲིམས་སྲུང་དང་ཀུན་སྤྱོད་མཆོག་གྱུར་གྱི་མིག་དཔེ། བྱས་རྗེས་ཧུར་ཐག་འཇོག་པ་དང་ནུས་པ་འདོན་སྤེལ་བྱེད་མཁན་གྱི་མིག་དཔེ་ཞིག་བཅས་བྱེད་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་བཏང་སྟེ་ཤེས་བྱ་ཧུར་ཐག་སྦྱོང་བ་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་བཙུགས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།