[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱིས“ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་རྩ་ཁྲིམས་ཁྱབ་གདལ”གྱི་རིམ་སྤེལ་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-29

    གསར་འགོད་པར་རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་དུས་རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་སྡེ་ཚན་མང་པོ་ཞིག་དང་མཉམ་དུ་རྩ་ཁྲིམས་སློབ་སྦྱོང་བྱ་རྒྱུ་ནང་དོན་གཙོ་བོར་བྱས་ཏེ་ལྗོངས་ཡོངས་སུ“ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་རྩ་ཁྲིམས་ཁྱབ་གདལ་གཏོང་བའི”རིམ་སྤེལ་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་རང་ལྗོངས་ཀྱི་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ལ་སྐུལ་འདེད་བཏང་སྟེ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་རེད།

    “ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་རྩ་ཁྲིམས་ཁྱབ་གདལ་གཏོང་བའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། བསྡོམས་རྩིས་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པས་རྩ་ཁྲིམས་དང་བཅའ་ཁྲིམས་སྒྲོག་འགྲེལ་བྱེད་སྒོ་ཐེངས་923སྤེལ་བར། ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཁྲི་2.46ལྷག་ཙམ་ཞུགས་པ་དང་། དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་ཁག་ཁྲི་6.84ལྷག་ཙམ་སྤྲད་པ་རེད།

    ལྗོངས་ཡོངས་ཀྱི“རྩ་ཁྲིམས་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར”ཞེས་པའི་གྲྭ་བཙུན་གྱི་ཕུལ་བྱུང་ཁྲིམས་སྐྱོང་ཡིག་གཟུགས་བརྩམས་ཆོས་ཀྱི་འགྲན་བསྡུར་སྐབས་དང་པོ་གཉེར་ཞིང་། འགྲན་བསྡུར་ལ་ལྗོངས་ཡོངས་ཀྱི་དགོན་སྡེ་ཆེ་གྲས་ཁག་དང་རྒྱ་ཆེའི་གྲྭ་བཙུན་ཚོས་དང་ལེན་ཧུར་ཐག་ཞུས་ནས་ཞུགས་པ་དང་ཁྱོན་ཡིག་གཟུགས་བརྩམས་ཆོས་500ལྷག་ཙམ་བསྡུས་པ་རེད། རིམ་པ་བཞིན་ཧྲག་འདེམས་བྱས་པ་བརྒྱུད་དམིགས་བསལ་བྱ་དགའ་1དང་། ཨང་དང་པོ་2 གཉིས་པ་5 གསུམ་པ་10 ཕུལ་བྱུང་བྱ་དགའ་20བཅས་བདམས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།