[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ཏིང་ཡེ་ཤན་གྱིས་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ།

    དགོན་སྡེ་དོ་དམ་ཨུ་ལྷན་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ནས་དགོན་སྡེའི་དོ་དམ་གསར་གཏོད་དང་དེར་ཤུགས་སྣོན་རྒྱག་དགོས་པའི་ནན་གསུངས་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-23

    ཚེས་21ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ལྗོངས་ཡོངས་ཀྱི་དགོན་སྡེ་དོ་དམ་ཨུ་ལྷན་དང་དགོན་སྡོད་ལས་བྱེད་པའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་དགོན་སྡེ་དོ་དམ་ཨུ་ལྷན་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ནས་དགོན་སྡེ་དོ་དམ་གསར་གཏོད་དང་དེར་ཤུགས་སྣོན་བརྒྱབ་སྟེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཅང་དང་ལོ་མེ་ཚོགས་འདུར་ཕེབས་ཡོད་པ་རེད།

    ཏིང་ཡེ་ཤན་གྱིས་དགོན་སྡེ་དོ་དམ་ཨུ་ལྷན་འཛུགས་པ་དང་ལས་བྱེད་པ་གྲོང་སྡོད་བྱ་རྒྱུར་སྐུལ་མ་གཏོང་བའི་ལས་དོན་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་སྐུལ་མ་གཏོང་བའི་ཐབས་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་གྱི་སྒྲིག་ལམ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ལེན་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པ་དེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་ལ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་གཏོང་རྒྱུ་དང་འབྲེལ་བ་ཡོད། དུས་ཡུན་རིང་པོའི་ནང་ལྗོངས་ཡོངས་ཀྱི་རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་ལྗོངས་ཏང་ཨུད་ཀྱི་ལས་དོན་ཁག་གི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་སྲིད་ཇུས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་དགོན་སྡེ་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་གསར་གཏོད་བྱས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བ་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་ཞིག་རྒྱུན་འཁྱོངས་ཐུབ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས།

    ཏིང་ཡེ་ཤན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་རྒྱ་ཆེའི་དགོན་སྡོད་ལས་བྱེད་པས་ལས་བྱེད་པའི་དགོན་སྡོད་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་བསམ་བློའི་ངོས་འཛིན་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་དང་། འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་བཅངས་ནས་དགོན་སྡེ་དོ་དམ་ལ་སྔར་བས་ཤུགས་སྣོན་དང་གསར་གཏོད། གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་སློབ་གསོ་ཁྲིད་སྟོན་ལ་དམ་འཛིན་ནན་པོ་བཅས་ཀྱི་སྒོ་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་དྲང་ནུས་ཆེན་པོ་ཞིག་ཆགས་པར་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་ཡག་པོ་ཞིག་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ནན་ཏན་བྱས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ། ཆོས་ལུགས་དང་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ཆོས་ཉིད་ཕྱོགས་ཡོངས་ནས་ཁོང་དུ་ཡང་དག་ཆུད་པ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དམིགས་བསལ་རང་བཞིན་དང་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས་ཆོས་ལུགས་ལས་དོན་གྱི“མཛུབ་ཁྲིད”བླང་བྱ་དང་ཀྲུང་གོ་ཅན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་ཆོས་ལུགས་ཀྱི་ལས་དོན་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ། དད་ལྡན་མང་ཚོགས་བཅས་ལ་ཁྲིད་སྟོན་བྱེད་དགོས་པ། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་དང་ལྕག་སྐུལ་གཏོང་བ་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་དང་། དགོན་སྡོད་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཕྱོགས་གཅིག་ནས་ལས་བྱེད་པར་བླང་བྱ་ནན་པོ་འདོན་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་སྤྱོད་བཟང་སྒྲིག་ནན་བྱེད་དགོས་ལ། གཅིག་ཤོས་ནས་ལས་བྱེད་པར་སེམས་ཁུར་དང་དགའ་གཅེས་བྱེད་ཤུགས་ཀྱང་ཆེ་རུ་གཏོང་བ་དང་། དགོན་སྡོད་ལས་བྱེད་པར་འཕྲད་པའི་དོན་དངོས་དཀའ་ངལ་ལ་ཞིབ་འཇུག་ཐག་གཅོད་ནན་ཏན་དང་དགོན་སྡོད་ལས་བྱེད་པར་སྤེལ་རེས་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་རྒྱ་ཆེའི་དགོན་སྡོད་ལས་བྱེད་པར་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།