[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན།རང་རྒྱལ་དུ་དད་ལྡན་སྤྱི་དམངས་དུང་ཕྱུར་2ཙམ་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-06

    ཟླ་4ཚེས་3ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བཏོན་པའི《ཀྲུང་གོས་ཆོས་དད་རང་མོས་འགན་ལེན་བྱེད་པའི་སྲིད་ཇུས་དང་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཀྱི་ངོ་སྤྲོད་གཤམ་གསལ་ཏེ།

    རང་རྒྱལ་དུ་ཆོས་ལུགས་གཙོ་བོ་འདི་དག་ཡོད་པ་སྟེ།

    ནང་ཆོས་དང་། ཏའོ་ཅའོ་ཆོས་ལུགས། དབྱི་སི་ལམ་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་སོགས་ཡོད་པར་དད་ལྡན་སྤྱི་དམངས་དུང་ཕྱུར་2ཙམ་ཟིན་པ།

    རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན།

    རང་རྒྱལ་དུ་ནང་ཆོས་དང་ཏའོ་ཅའོ་ཆོས་ལུགས་ཀྱི་དད་ལྡན་པ་མང་པོ་ཡོད་མོད། འོན་ཀྱང་དད་ལྡན་མང་ཚོགས་ཆོས་ལ་ཞུགས་པའི་སྒྲིག་སྲོལ་ནན་པོ་མེད་པས། མི་གྲངས་བསྡོམས་རྩིས་བྱེད་ཁག་པོ་ཡོད།

    དབྱི་སི་ལམ་ཆོས་ལུགས་ལ་དད་མོས་བྱེད་མང་བའི་གྲངས་ཉུང་མི་རིགས་བཅུའི་མི་འབོར་ཁྲི་2000ལྷག་ཙམ་ཟིན་པ་དང་། དབྱི་སི་ལམ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཁྲི་5.7ལྷག་ཙམ་ཟིན་པ།

    གནམ་བདག་ཆོས་ལུགས་ཀྱི་དད་ལྡན་པ་ཁྲི་600ཙམ་ཟིན་པ། ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པ་ཁྲི་3800ལྷག་ཙམ་ཟིན་པ།

    གཞན་ཡང་། ད་དུང་དམངས་ཁྲོད་ཀྱི་དད་མོས་པ་མང་པོ་ཡོད་ཅིང་། ཡུལ་དེ་གའི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་དང་ཟུང་འབྲེལ་བྱས་ཏེ་དམངས་ཁྲོད་དད་མོས་བྱེད་སྒོར་ཞུགས་མཁན་མང་ཚོགས་མང་ཙམ་ཡོད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།