[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • རྒྱལ་གཅེས་ཆོས་གཅེས་མཐའ་འཁྱོངས་ཀྱིས། ནང་བསྟན་ཐོས་བསམ་འཕེལ་བར་བརྩོན།

    བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་མ། བསྟན་འཛིན་བཟང་པོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-30

    ང་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གསེར་ལྡན་བསམ་འགྲུབ་ཆོས་འཁོར་གླིང་དགོན་པའི་གྲྭ་པ་ཞིག་དང་བོད་ལྗོངས་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་བྱེད་མུས་ཀྱི་སློབ་མ་ཞིག་ཀྱང་ཡིན།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་རྒྱུན་འཛིན་དང་ཆོས་ལུགས་རིག་གནས་དང་དེ་བཞིན་ཆོས་ལུགས་ཀྱི་ཆོ་ག་ར་བརྩི་འཇོག་དང་སྲུང་སྐྱོང་བྱས་པར་བརྟེན། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད། ལྗོངས་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རོགས་རམ་འོག་རྒྱལ་གཅེས་ཆོས་གཅེས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཁྲིམས་ལྟར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་འཕེལ་རིམ་ནང་ཧུར་ཐག་ཞུགས་པ་མ་ཟད། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་གྱིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ཆེད་ལེགས་སྐྱེས་འབུལ་རྒྱུར་སྐུལ་མའང་བཏང་བས། སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བོད་བརྒྱུད་ནང་བསྟན་ལ་འཕེལ་རྒྱས་མྱུར་པོ་བྱུང་ཡོད།

    དགོན་སྡེའི་དོ་དམ་ལ་མུ་མཐུད་ཤུགས་སྣོན་བྱུང་བ་དང་གསར་གཏོད་བྱས་ཁར་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་ཤུགས་ཆེན་བྱས་པར་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་དགའ་བསུ་དང་བརྩི་བཀུར་ཆེན་པོ་ཐོབ་ཅིང་། སྲིད་ཇུས་དེ་དག་དོན་འཁྱོལ་བྱས་པ་ལས་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ལེགས་སུ་ཆེས་ཆེར་སོང་བ་མ་ཟད། རྒྱ་ཆེའི་གྲྭ་བཙུན་གྱི་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་ཐད་ལའང་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད། རྒྱ་ཆེའི་གྲྭ་བཙུན་གྱིས་སྨན་བཅོས་འགན་བཅོལ་དང་། རྒན་གསོ་འགན་བཅོལ། མ་མཐའི་འཚོ་བ་འགན་ལེན་སོགས་སྤྱི་ཚོགས་འགན་བཅོལ་གྱི་ལམ་ལུགས་ལོངས་སུ་སྤྱོད་ཀྱི་ཡོད་པ་དང་། ཁོང་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དང་དེ་བཞིན་སྤྱི་ཚོགས་རིང་ལུགས་ལམ་ལུཌ་ཀྱི་བླ་ན་མེད་པའི་ཁྱད་འཕགས་མྱོང་རྒྱུ་བྱུང་ཁར་ཞི་མཐུན་དང་། བརྟན་ལྷིང་། འཕེལ་རྒྱས། མཐུན་སྒྲིལ་བཅས་ཀྱི་རྣམ་པའི་བདེ་སྐྱིད་ཆེན་པོ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད། རྒྱ་ཆེའི་གྲྭ་བཙུན་གྱིས་སྤྲོ་སེམས་ཆེན་པོས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་ལེཌ་གཏོད་ཧུར་ཐག་བྱས་ནས་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཡག་པོ་བྱས་ཏེ་དད་ལྡན་མང་ཚོགས་ལ་སྔར་བས་ཞབས་འདེཌ་གང་ལེཌ་ཞུ་བཞིན་ཡོད། ང་རང་ཐེངས་མང་པོར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་བདམས་པ་དང་གཟི་བརྗིད་མཚན་སྙན་དེ་དག་ལས་ཏང་དང་སྲིད་གཞུང་གི་བཀའ་དྲིན་སྔར་བས་ཚོར་བྱུང་།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ལྗོངས་ནང་བསྟན་སློབ་གླིང་གི་འཛུགས་སྐྲུན་དང་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་ཡོན་ཏན་ཅན་གསོ་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད། རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་གསོ་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་སོགས་ཐད་ཀྱི་བོད་ལྗོངས་ནང་བསྟན་སློབ་གླིང་གི་ཐབས་ལམ་གཙོ་བོ་དང་གཡུལ་ས་གཙོ་བོའི་ནུས་པ་གང་ལེགས་བཏོན་ནས་གསོ་སྐྱོང་དང་སློབ་གསོ་བཏང་བ་བརྒྱུད། རྒྱ་ཆེའི་གྲྭ་བཙུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད། སློབ་གཉེར་བྱེད་འདུན་ཆེ་བའི་ང་ཚོ་ན་གཞོན་གྲྭ་བཙུན་ལ་ཏང་དང་སྲིད་གཞུང་གིས་སློབ་སྦྱོང་དང་འཚོ་བའི་མཐུན་རྐྱེན་ཧ་ཅང་ཡག་པོ་བཏོད་པ་མ་ཟད་སྐབས་འགར་ང་ཚོ་ལྟ་སྐོར་རྟོག་ཞིབ་ལ་འཁྲིད་པ་དང་། ཆོས་ལུགས་ཚོགས་པས་གཉེར་བའི་བསྟན་དོན་གསལ་འགྲེལ་གྱི་བྱེད་སྒོ་སོགས་ལ་ཞུགས་རྒྱུར་བསྔགས་སྐུལ་ཡང་གནང་གི་ཡོད། མ་ཟད་རྒྱལ་བའི་བསྟན་པར་ཐོས་བསམ་སློབ་གཉེར་དང་འདུལ་ཁྲིམས་ཉམས་ལེན་བྱས་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་བྱ་རྒྱུར་ང་ཚོར་སྐུལ་མ་ཡང་གནང་གི་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།