[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ཝུའུ་དབྱིང་ཅེས་ལྷ་སར་ཆོས་ལུགས་ལས་དོན་ལ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།

    “ཁྲིད་སྟོན”ཐད་ཤུགས་བརྒྱབ་སྟེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-29

    495667_yis_1522216010234_s.jpg

    འདི་ནི་ཝུའུ་དབྱིང་ཅེས་དགོན་སྡོད་ལས་བྱེད་པ་དང་དགོན་སྡོད་མི་དམངས་ཉེན་རྟོག་པ་རེ་རེ་བཞིན་ལ་ཕྱག་བཏང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་བའི་གནས་ཚུལ་ཡིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་ཆོས་ལུགས་ལས་དོན་ལ་རྟོག་ཞིབ་གནང་སྐབས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ཀྲུང་གོ་ཅན་དུ་སྒྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། “ཁྲིད་སྟོན”ཐད་ཤུགས་རྒྱག་པ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། དགོན་སྡེའི་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་གསར་གཏོད་བྱེད་པ་བཅས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཅང་ཅེ་དང་། པད་མ་དབང་འདུས། ལྕགས་རྭ་བློ་བཟང་བསྟན་འཛིན་བཅས་མཉམ་དུ་རྟོག་ཞིབ་གནང་བར་ཕེབས་ཡོད་པ་རེད། 

    ས་བབ་མཐོ་ཚད་སྨི་4300ལྷག་ཙམ་ཡོད་པ་དང་སྤྱི་ལོ་1181ལོར་ཕྱག་བཏབ་པའི་ཤུག་གསེབ་དགོན་པ་ནི་བོད་བརྒྱུད་ནང་བསྟན་གྱི་རྙིང་མའི་དགོན་སྡེ་ཞིག་རེད། ཝུའུ་དབྱིང་ཅེས་རླངས་འཁོར་ལ་བཞུགས་ཏེ་དེ་གའི་གྲྭ་བཙུན་དང་དགོན་སྡོད་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ་དང་སྦྲགས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བཅས་སྒྲོག་འགྲེལ་ཡང་གནང་བ་རེད། 

    ཝུའུ་དབྱིང་ཅེས་ཕེབས་ཀྱིན་གཟིགས་ཀྱིན་དུ་དགོན་སྡེའི་ལོ་རྒྱུས་དང་དགོན་སྡེ་དོ་དམ་ལས་དོན་གྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་མ་ཟད། དགོན་སྡེའི་གྲྭ་བཙུན་དང་། དགོན་སྡོད་ལས་བྱེད་པ། དགོན་སྡོད་མི་དམངས་ཉེན་རྟོག་པ་བཅས་དང་བྱམས་བརྩེའི་ངང་བཀའ་མོལ་ཡང་གནང་བ་རེད། ཝུའུ་དབྱིང་ཅེས་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཆེན་རེད། གྲོལ་མ་ཐག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བའི་རྩ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ནི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རིང་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུ་དང་། “ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད”དང“ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན”མངོན་འགྱུར་ཡོང་ཆེད་རྩ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་པར་དོན་དངོས་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པ་ཡོད། ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱས་ཏེ་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་ཀྱི་རང་དབང་འགན་སྲུང་བྱེད་ཀྱི་ཡོད། སྤྱི་དམངས་ཚང་མས་རྩ་ཁྲིམས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ་རྩ་ཁྲིམས་ལ་བརྩི་འཇོག་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་ལ་སྲུང་བརྩི། རྩ་ཁྲིམས་སྲུང་སྐྱོང་། རྩ་ཁྲིམས་སྤྱོད་པ་བཅས་བྱས་ནས་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་དགོས་ཞེས་བསྟན་གནང་བ་རེད། 

    ད་ཕན་ལོ་ཤས་རིང་གྲྭ་བཙུན་ཚོའི་སྒོམ་སྒྲུབ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ནུས་ལྡན་ཕྱིན་པ་མཁྱེན་རྗེས། ཝུའུ་དབྱིང་ཅེས་རྒྱལ་ཁབ་དར་རྒྱས་འབྱོར་ཕྱུག་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་ཚེ་གཞི་ནས་ཆོས་ལུགས་ཀྱང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ་པ་ལོ་རྒྱུས་དང་དོན་དངོས་ལས་ར་འཕྲོད་ཡང་ཡང་བྱུང་ཡོད། ལོ་འདི་དག་རིང་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱུང་བ་དང་དེ་བཞིན་འཕེལ་རྒྱས་གསར་པ་བྱུང་བ་དང་། འགྱུར་ལྡོག་གསར་པ་བྱུང་བ། འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ་བཅས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་བཅས་ཀྱིས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་པ་ལས་བྱུང་བ་ཞིག་ཡིན་པ་ཁྱེད་ཚོས་གསལ་པོར་ཤེས་པའི་རེ་བ་ཡོད། སླད་ཕྱིན་ཁྱེད་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་སྲུང་བརྩི་ཞུ་བ་དང་། རང་རྟོགས་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ། ཐོས་བསམ་སྒོམ་གསུམ་ལ་གཞོལ་བ། རྒྱལ་སྐྱོང་དམངས་ཕན། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་མཐའ་གཅིག་ཏུ་འབྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཤེས་རྒྱ་ཡངས་པ། ཀུན་སྤྱོད་ཐད་གཞན་གྱིས་གོང་དུ་བཀུར་བ། འགག་རྩའི་སྐབས་ནུས་པ་ཐོན་པ་བཅས་ཏན་ཏིག་ཡོང་བར་བྱེད་དགོས་ཞེས་གསུངས། 

    ཝུའུ་དབྱིང་ཅེས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན་ལ་བོད་བརྒྱུད་ནང་བསྟན་གྱི་སེམས་ཅན་ཐམས་ཅད་བདེ་བར་འཁོད་པར་ལྡན་དགོས་ངེས་ཀྱི་ནང་དོན་ཞིག་ཀྱང་རེད། ཁྱེད་ཚོས་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཆོས་ལུགས་ཀྱི་སྙིང་དོན་དང་འདུལ་ཁྲིམས་དག་ལ་སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཡར་ཐོན་གྱི་བླང་བྱ་དང་མཐུན་པའི་འགྲེལ་བཤད་རྒྱག་པ་དང་། དད་ལྡན་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཐོན་སྐྱེད་འཕེལ་རྒྱས་དང་། ཕྱུག་འགྱུར་ལ་བརྩོན་པ། འཚོ་བ་ལེགས་གཏོང་བཅས་ཀྱི་ཐད་འདོན་སྤེལ་བྱ་རྒྱུའི་ཁྲིད་སྟོན་བྱེད་པ། ཁོང་ཚོར་རྗེས་དཔག་གི་བསམ་བློར་བརྟེན་ནས་ཆོས་ལུགས་ལ་ངོས་འཛིན་དང་། བདེ་སྐྱིད་ཤེས་དཔལ་གྱི་འཚོ་བ་སྐྱེལ་རྒྱུར་བརྩོན་ལེན། ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ་བཅས་ཀྱིས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས། 

    ཝུའུ་དབྱིང་ཅེས་ད་དུང་དགོན་སྡོད་ལས་བྱེད་པ་དང་དགོན་སྡོད་མི་དམངས་ཉེན་རྟོག་པར་བྱམས་བརྩེའི་ངང་གཟིགས་པ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ཚོར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཝུའུ་དབྱིང་ཅེས་དགོན་སྡེ་དོ་དམ་ཨུ་ལྷན་དང་དགོན་སྡོད་ལས་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་དགོངས་དོན། དེ་བཞིན་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་བཅས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཏན་ཏིག་བྱེད་པ་དང་། “འདུ་ཤེས་བཞི”བརྟན་པོར་འཛུགས་པ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་མཐའ་གཅིག་ཏུ་ཞུ་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུ་བ་བཅས་བྱེད་དགོས། ཆུ་མ་ཤོར་གོང་གི་རགས་དང་རྐྱེན་མ་བྱུང་གོང་གི་བཟློག་པ་རྩ་དོན་དུ་བརྩིས་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཆེན་པོ་མ་ཐོན་པའི་རྨང་གཞི་འདིང་བར་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་ཀྱིས་འགན་འཁྲི་དོན་ཐོག་ཏུ་འཁྱོལ་རྒྱུ་ཚད་གཞིར་བྱས་ཏེ་ལས་བྱེད་པར་ལྟ་སྟངས་འཛིན་པ། འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་ནས་གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་སྐབས་ནུས་པ་ཐོན་པ་ཏན་ཏིག་བྱེད་དགོས། སློབ་གསོ་དོ་དམ་ཞབས་ཞུའི་འགན་ནུས་ལེགས་པར་སྒྲུབ་པ་དང་གྲྭ་བཙུན་ལ་དཀའ་ངལ་དངོས་སེལ་རོགས་བྱས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གནང་ལུགས་དང་དྲོ་སྐྱིད་སྦྱིན་ལུགས་རྒྱ་ཆེའི་གྲྭ་བཙུན་ཚོར་སེམས་གཏིང་ནས་གསལ་པོ་ཤེས་སུ་འཇུག་པ་དང་། ཁོང་ཚོ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱེད་དགོས། “ལོ་ལྔ་ཚན་བདུན་པའི”བཅའ་ཁྲིམས་ཁྱབ་གདལ་ལས་དོན་གཏིང་ཟབ་སྤེལ་བ་དང་བཅའ་ཁྲིམས་ཁྱབ་གདལ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་གྲྭ་བཙུན་གྱི་ཁྲིམས་བཀུར་ཁྲིམས་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས། འགན་འཁྲི་རིམ་པ་བཞིན་དོན་འཁྱོལ་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་ཁྲོད་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མ་སྐྱེས་ཆེན་དང་གྲྭ་བཙུན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ཞེས་བསྟན་གནང་བ་རེད། 

    ཝུའུ་དབྱིང་ཅེས་འབྲེལ་ཡོད་སྡེ་ཚན་ཁག་ལ་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། དགོན་སྡོད་ལས་བྱེད་པ་དང་དགོན་སྡོད་ཉེན་རྟོག་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་ལེགས་འདེམས་ཧྲག་འགོད་བྱེད་པ། ཐོབ་ཐང་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་ནན་ཏན་བྱེད་པ་བཅས་ཀྱིས་རྒྱ་ཆེའི་དགོན་སྡོད་ལས་བྱེད་པ་དང་དགོན་སྡོད་ཉེན་རྟོག་པའི་ཧུར་བརྩོན་རང་བཞིན་སྔར་བས་འཕེལ་བར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།