[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • 2018ལོའི་སེ་ར་ཕུར་མཇལ་ཆོས་ལུགས་བྱེད་སྒོའི་རིང་རང་གྲོང་ཁྱེར་གྱི་ལམ་དུམ་ཁག་གཅིག་ཏུ་འགྲིམ་འགྲུལ་དོ་དམ་བྱེད་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-06

    གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་འགྲིམ་འགྲུལ་ལ་ཞུགས་མཁན་རྣམས་ལ།

    2018ལོའི་ཟླ་2ཚེས་12ཉིན་ནི་ལོ་གཅིག་དུས་གཅིག་གི་སེ་ར་ཕུར་མཇལ་གྱི་ཆོས་ལུགས་བྱེད་སྒོ་ཡིན་པས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་བདེ་འཇགས་དང་། ཤར་གཏོང་། ཞི་མཐུན་བཅས་ཀྱི་གཞུང་ལམ་འགྲིམ་འགྲུལ་ཁོར་ཡུག་ཅིག་སྐྲུན་པ་དང་། སེ་ར་ཕུར་མཇལ་རིང་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དོ་དམ་ལས་དོན་ཡག་པོ་སྒྲུབ་པ། ཆོས་ལུགས་བྱེད་སྒོ་བདེ་བླག་ངང་སྤེལ་བ་བཅས་བྱ་ཆེད། སེ་ར་ཕུར་མཇལ་རིང་ལྷ་ས་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་གྲོང་ཁྱེར་ནང་ཁུལ་གྱི་ལམ་དུམ་ཁག་གཅིག་ཏུ་འགྲིམ་

    འགྲུལ་དོ་དམ་བྱེད་རྒྱུ་ཡིན་པས། ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་ཞུ་རྒྱུ་གཤམ་གསལ།

    གཅིག དུས་བཀག་ཚོད་འཛིན་དུས་ཚོད། 2018ལོའི་ཟླ་2ཚེས་11ཉིན་གྱི་ཕྱི་དྲོའི་ཆུ་ཚོད་14ཉིན་ནས་2018ལོའི་ཟླ་2ཚེས་12ཉིན་བར་ཡིན།

    གཉིས། ཉང་བྲན་ལམ་དང་སེ་ར་ལམ་གྱི་ལམ་མདོར(དམག་ཁུལ་སྤྱི་ཁྱབ་སྨན་ཁང་སྒོ་འགྲམ་གྱི་གསུམ་མདོ)འཁོར་རིགས་ཚང་མ་ནུབ་ཕྱོགས་ནས་ཤར་ཕྱོགས་དང་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་བསྐྱོད་མི་ཆོག

    གསུམ། གྲོང་སྐོར་བྱང་ལམ་དང་སེ་ར་ལམ་གྱི་ལམ་མདོ་ནས་འཁོར་རིགས་བྱང་ཕྱོགས་སུ་བསྐྱོད་མི་ཆོག

    བཞི། ཉང་བྲན་ལམ་དུམ་དུ་ཕྱོགས་རྐྱང་པ་ཁོ་ནར་སྐྱོད་དགོས་པ་དང་། དམག་ཁུལ་སྤྱི་ཁྱབ་སྨན་ཁང་གི་ལམ་མདོ་ནས་འཛུལ་ཏེ་གྲོང་སྐོར་བྱང་ལམ་ནས་ཐོན་དགོས།

    ལྔ། ཚེ་གསུམ་ཐང་ལམ་དང་སེ་ར་ལམ་གྱི་ལམ་མདོ་ཁའི་བྱང་རྒྱུད་དང་། གྲོང་སྐོར་བྱང་ལམ་དང་སེ་ར་ལམ་གྱི་ལམ་མདོ་ཁའི་ལྷོ་རྒྱུད་དུ་དོ་དམ་ཚོད་འཛིན་བྱ་ཁུལ་ཡིན་པས། དེའི་ཉེ་འགྲམ་དུ་སྡོད་མཁན་ཁྱིམ་དུད་ཀྱི་འཁོར་རིགས་ཕར་འགྲོ་ཚུར་འོང་ཆོག་པ་ཕུད་དེ་མིན་གྱི་འབྲེལ་ཡོད་

    འཁོར་རིགས་བསྐྱོད་མི་ཆོག

    དྲུག གྲོང་སྐོར་བྱང་ལམ་དང་། སེ་ར་ལམ། ཉང་བྲན་ལམ་བཅས་ཀྱི་ལམ་མདོར་འཁོར་རིགས་ཟུར་ལམ་ནས་བསྐྱོད་མི་ཆོག

    བདུན། རྒྱ་ཆེའི་འགྲིམ་འགྲུལ་ལ་ཞུགས་མཁན་རྣམས་ཀྱིས་མི་དམངས་ཉེན་རྟོག་པའི་བཀོད་འདོམས་ལ་བརྩི་སྲུང་ཞུ་དགོས།

    སྤྱི་བསྒྲགས་འདི་བཏང་བ་ཡིན།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས།

    2018ལོའི་1ཚེས་30ཉིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།