[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • དགོན་ཕན་གྲྭ་ཕན་གྱིས་ཞི་མཐུན་ལྡན་པའི་སྤྱི་ཚོགས་མཉམ་དུ་བཏོད།

    བོད་ཀྱིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-01

    “ད་ཆ་དགོན་སྡེའི་ནང་ཆུ་ཀ་ལ་དང་། བརྙན་འཕྲིན། དྲ་བ། ཚགས་པར་སོགས་གང་དགོས་ཡོད་པས་འཚོ་བར་སྟབས་བདེ་བྱུང་ནས་རྒྱ་ཆེའི་གྲྭ་བཙུན་རྣམས་བློ་རྩེ་གཅིག་སྒྲིམ་ངང་ཐོས་བསམ་ལ་གཞོལ་བའི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་དེ་དག་རང་སྐྱོང་ལྗོངས་ཀྱིས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་པའི་རླབས་ཆེན་གྱི་བྱ་སྤྱོད་ལས་བྱུང་བ་ཞིག་རེད”ཅེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བཀྲས་ལྷུན་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་ཅུང་ལགས་ཀྱིས་བཀྲས་ལྷུན་དགོན་གྱི་འགྱུར་ལྡོག་སྐོར་ལ་མྱོང་ཚོར་ཟབ་མོས་དེ་ལྟར་གསུངས།

    2011ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཤིང་། དུས་ཐུང་ལོ་དྲུག་རིང་བཀྲས་ལྷུན་དགོན་གྱི་དགེ་འདུན་ཡོངས་ལ་སྨན་བཅོས་དང་། རྒན་གསོ། བསམ་ཡུལ་ལས་འདས་པའི་མི་ལུས་གནོད་འཚེ་བཅས་ཀྱི་འགན་བཅོལ་བཟོས་པ་མ་ཟད། ལོ་ལྟར་དགེ་འདུན་ཡོངས་ལ་སྨན་རིན་མི་དགོས་པར་གཟུགས་པོ་བརྟག་དཔྱད་ཐེངས་རེ་བྱས་ཏེ་དཀའ་ངལ་ཡོད་པའི་དགེ་འདུན་གྱི་ནད་གཞི་ཆེན་པོ་སྨན་བཅོས་བྱེད་པར་དངུལ་སྐར་གཅིག་ཀྱང་འདོན་མི་དགོས་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    བཀྲས་ལྷུན་དགོན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ནི་ལྗོངས་ཡོངས་ཀྱིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་པའི་བསྡུས་རིས་ཤིག་རེད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཆོས་ལུགས་ལས་དོན་དང་། དགོན་སྡེའི་ལས་དོན། གྲྭ་བཙུན་གྱི་ལས་དོན་བཅས་ཡག་པོ་སྒྲུབ་པ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ལ་བརྩི་རྒྱུ་མཐའ་འཁྱོངས་དང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ལ་བརྩིས་ཏེ་བཅའ་ཁྲིམས་དང་གཏན་འབེབས་གཞིར་བཟུང་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད།

    དུས་མཚུངས་སུ་རང་ལྗོངས་ཀྱིས་ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས་བྱས་ནས་ཏང་གི་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ་ཆོས་དད་རང་མོས་ལ་བརྩི་འཇོག་དང་སྲུང་སྐྱོང་གང་ལེགས་བྱས་ཡོད།

    དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་ལས་དོན་སྤེལ་རིང་རང་ལྗོངས་ཀྱིས་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་དགོན་སྡེའི་གྲྭ་བཙུན་དང་འབྲེལ་བ་བྱེད་པའི་ལམ་ལུགས་བཙུགས་པ་བརྒྱུད། རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་མི་རེས་དགོན་སྡེ་རེར་དང་འབྲེལ་གཏུག་བྱས་པ་དང་འབྲེལ། གྲྭ་བཙུན་གྱི་འཐུས་མི་ཁྱིམ་དུ་མགྲོན་པོར་གདན་དྲངས་ཏེ་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་བས་བརྩེ་བ་ཟབ་ཏུ་ཕྱིན་ཡོད་པ་རེད། ཆེད་ལས་ཀྱི་ཆོས་ལུགས་དོ་དམ་དཔུང་ཁག་བཙུགས་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་དོ་དམ་བྱེད་པའི་ཆོས་ལུགས་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་ཆགས་པར་བྱས་པས་དགོན་སྡོད་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    དགོན་ཕན་གྲྭཕན་གྱི་སྲིད་ཇུས་དོན་འཁྱོལ་བྱས་ནས་དགོན་སྡེའི་གྲྭ་བཙུན་ལ་ཏང་དང་སྲིད་གཞུང་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། གྲོ་མོ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགྱེས་རུ་ལྷ་ཁང་གི་སྤྲུལ་སྐུ་པད་མ་སམ་བྷ་བས“དགོན་ཕན་གྲྭ་ཕན་གྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་དེ་དག་གིས་ང་ཚོར་རྒས་དུས་འཚོ་རྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། དཀའ་ངལ་ཐག་གཅོད་ཐུབ་པ་བཅས་བྱུང་ནས་ང་ཚོར་དངོས་དངོས་རྗེན་རྗེན་གྱི་གནད་དོན་མང་པོ་ཐག་གཅོད་བྱུང་སྟེ་ཏང་གི་རྗེས་སུ་འབྲང་བའི་ང་ཚོའི་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་སོང”ཞེས་སེམས་འགུལ་ཐེབས་བཞིན་དུ་གསུངས།

    “བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་དང་འཚམ་མཐུན་ཡོང་བར་བྱེད་དགོས་ན་ནང་རིག་པའི་མཁྱེན་རྒྱ་ཟབ་མོ་ཡོད་དགོས་པ་མ་ཟད། དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་པར་དེ་བས་སློབ་སྦྱོང་ཡག་པོ་བྱེད་དགོས། སྲིད་གྲོས་ཨུ་ཡོན་ཞིག་གི་ངོས་ནས་ངས་རང་རེའི་དགོན་སྡེའི་གྲྭ་བཙུན་གྱི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྣེ་ཁྲིད་འོག་ནང་རིག་པའི་ཤེས་བྱ་ཟབ་ཏུ་བཏང་སྟེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་དང་འཚམ་མཐུན་ཡོང་བར་འབད་བརྩོན་བྱེད་ཀྱི་ཡིན”ཞེས་པད་མ་སམ་བྷ་བས་གསུངས།

    ད་ཆ་གངས་ལྗོངས་ཀྱི་ས་གཞི་ཆེན་མོར་དགོན་སྡེ་ཚང་མའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆ་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་པ་དང་། རྒྱ་ཆེའི་གྲྭ་བཙུན་ཚོའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྤྲོ་སྣང་ཆེས་ཆེར་འཕེལ་བ། དགོན་སྡེ་ཞི་མཐུན་དང་བརྟན་ལྷིང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་བཅས་ལས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།