[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • བཀའ་དྲིན་ཤེས་པ་དང་། བཀའ་དྲིན་དྲན་པ། བཀའ་དྲིན་ཚོར་བ། བཀའ་དྲིན་གཟོ་བ་བཅས་བྱ་རྒྱུ་ཡིན།

    ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཕགས་མཆོག་སྐལ་བཟང་ཉི་མ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

    ཉེ་བའི་ལོ་ཤས་རིང་། ཕུལ་བྱུང་གི་ལས་བྱེད་པ་མང་པོ་དགོན་སྡེར་བཅའ་སྡོད་གནང་ནས་དགོན་སྡེའི་གྲྭ་བཙུན་རྣམས་ཀྱི་འཚོ་བ་དང་སྒོམ་སྒྲུབ་ཉམས་ལེན་གྱི་ཆ་རྐྱེན་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བཏང་གནང་ཡོད། དགོན་སྡེར་བཅའ་སྡོད་ལས་བྱེད་པ་ཕེབས་ནས་འཚོ་བའི་ཐད་ཆོས་པ་རྣམས་དང་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་ངལ་རྩོལ། ཕན་ཚུན་བརྩི་འཇོག ཕན་ཚུན་མཐུན་སྒྲིལ། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ཡོད། སྲིད་ཇུས་ཐད་ཏན་ཏན་ཏིག་ཏིག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དང་། དེ་བཞིན་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་གྲྭ་བཙུན་མི་རེ་ངོ་རེའི་སེམས་ངོས་སུ་འཕྲོ་བར་བྱས་ཡོད། དོ་དམ་ཐད་ཁྲིམས་ལྟར་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་ཀྱིས་དོ་དམ་བཅས་བྱེད་པར་མཐོང་ཆེན་གནང་བ་དང་ཆབས་ཅིག གྲྭ་བཙུན་གྱི་དམངས་གཙོའི་དོ་དམ་དང་། རང་ངོས་དོ་དམ། རང་ངོས་གཅུན་འདོམ། རང་ངོས་འཐུས་ཚང་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་བཅུག་པ་མ་ཟད། རང་འགུལ་ངང་གྲྭ་བཙུན་དང་འབྲེལ་བ་དམ་ཟབ་བྱེད་པ་དང་། དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་གྲྭ་བཙུན་ཁོངས་མི་དང་བླ་སྤྲུལ་སྐྱེས་ཆེན་དམ་པ་རྣམས་ཀྱི་བསམ་འཆར་བསྡུ་ལེན་གནང་ནས། རྒྱ་ཆེའི་གྲྭ་བཙུན་གྱི་འདོད་བློ་གཅིག་འདུས་བྱས་ཡོད་པས། དགོན་སྡེ་ཡོངས་ཀྱི་གྲྭ་བཙུན་རྣམས་ཀྱི་གདེང་འཇོག་ཆེན་པོ་ཐོབ་ཡོད། དེ་ཡང་། གྲྭ་དམངས་ཀྱི་ཆོས་དད་རང་མོས་ཀྱི་ཁེ་དབང་ལ་ཁྲིམས་ལྟར་འགན་ལེན་བྱུང་ཡོད་ཅིང་། དགོན་སྡེའི་སྒོམ་སྒྲུབ་ཀྱི་ཁོར་ཡུག་ལེགས་བཅོས་སུ་བཏང་བ་དང་། དགོན་སྡེའི་རྒྱུན་ལྡན་སྒྲིག་ལམ་ལའང་སྲུང་སྐྱོང་བྱས་ནས་དགོན་སྡེ་བདེ་བླག་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཆེན་པོ་བཏང་ཡོད།

    གུས་པ་རང་ཉིད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་སྙན་སྒྲོན་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་པ་བརྒྱུད། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འགོ་ཁྲིད་ལ་སྲུང་སྐྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་རྣམས་སྣེ་ཁྲིད་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་དང་། དོན་ངོ་མའི་ཐོག་ནས་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བཅས་བྱས་ཡོད། དེ་བཞིན་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ཁྱོན་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་བསྐྲུན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན།

    སྤྲུལ་སྐུ་ཞིག་གི་ངོས་ནས་བཤད་ན། གུས་པས་བོད་བརྒྱུད་ནང་བསྟན་སྐྱེས་ཆེན་དམ་པའི་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དར་སྤེལ་དང་། ནང་བསྟན་མདོ་སྔགས་ལ་ཉམས་ལེན་ཟབ་མོ་དང་རང་ངོས་ཀྱི་ཆོས་ལུགས་སྦྱངས་པ་གོང་མཐོར་བཏང་ནས། ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་སྐོར་གྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་སློབ་སྦྱོང་དང་སྲུང་བརྩི་ཞུས་བའི་སྣེ་ཤན་པ་ཞིག་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་རྣམས་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་ལམ་བུའི་ཐོག་སྣེ་ཁྲིད་ཧུར་ཐག་གིས་བརྟན་ལྷིང་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་གོང་མཐོར་བཏང་ཁར། རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁ་ཕྲལ་རུ་ཚོགས་དང་དབྱེ་མཚམས་གསལ་པོ་གཅོད་པ། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་བདེ་འཇགས་དང་། མེས་རྒྱལ་གོང་བུ་གཅིག་གྱུར། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་། རྒྱལ་གཅེས་ཆོས་གཅེས་སོགས་ཀྱི་སྔོན་ཐོན་གྲྭ་བཙུན་ཞིག་ཆགས་པར་བརྩོན་ལེན་བྱས་ཡོད།

    དགོན་སྡེ་དོ་དམ་ཨུ་ལྷན་གྱི་གྲྭ་བཙུན་གྱི་ཁོངས་མི་ཞིག་གི་ངོས་ནས་བཤད་ན། གུས་པས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་གཙོ་སྐྱོང་གནང་བའི་ཚོགས་འདུ་དང་བྱེད་སྒོ་ཁག་ལ་ཧུར་ཐག་གིས་ཞུགས་ཏེ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་སློབ་གསོ་དང་། དོ་དམ། ཞབས་ཞུ་བཅས་གསུམ་གྱི་འགན་ནུས་འདོན་རྒྱུར་གཞོགས་འདེགས་དང་། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་རྣམས་ལ་ཏང་དང་སྲིད་གཞུང་གི་དོ་དམ་ལ་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོ་དང་སྣེ་ཁྲིད་ཧུར་ཐག་ཞུས་ཡོད། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐབས་ཇུས་དང་བཀའ་བཀོད་ཁག་ལག་བསྟར་དོན་འཁྱོལ་བྱས་ཡོད། ཁོང་ཚོར་ཆོས་ལུགས་དད་མོས་དང་སྦྱངས་པ་ཉམས་ལེན་ལ་མཐོང་ཆེན་བྱེད་དགོས་པའི་སློབ་སྟོན་བྱེད་པ་དང་དུས་མཚུངས། དཀའ་སྤྱད་འབད་བརྩོན་གྱི་ངལ་རྩོལ་བྱས་ནས་ཚེ་འདིར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དགོས་པའི་སློབ་གསོ་ཡང་ཡང་རྒྱག་བཞིན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུ་ཆེད། གུས་པས་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ལ་དགོན་སྡེ་དོ་དམ་དང་། གྲྭ་བཙུན་གྱི་སློབ་གསོ། ཆོས་ལུགས་བྱེད་སྒོ་ཁག་གི་མཛུབ་སྟོན། དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་གི་ཐབས་ཇུས་ཁག་ལག་བསྟར་བཅས་ཀྱི་ལས་དོན་ཁག་སྒྲུབ་རོགས་ཞུས་ཡོད་པ་དང་། ཆབ་སྲིད་ཀྱི་ལང་ཕྱོགས་བརྟན་པོ་དང་ཆབ་སྲིད་ཀྱི་རྣམ་འགྱུར་གསལ་འདོན་གྱིས་དགོན་སྡེའི་གྲྭ་དམངས་ལ་མིག་དཔེ་བསྟན་ཡོད།

    ད་རེས་གཟེངས་བསྟོད་ཚོགས་འདུ་སྐོང་འཚོགས་གནང་བ་འདི་ནི་ང་ཚོ་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་རྣམས་ལ་ཁྱོན་ཡོངས་ནས་གདེང་འཇོག་མཐོན་པོ་གནང་བ་ཞིག་ཡིན། སླད་ཕྱིན་ང་ཚོས་དེ་བས་རང་འགུལ་ངང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་སློབ་སྦྱོང་དང་། དོན་ངོ་མའི་ཐོག་ནས་མེས་རྒྱལ་གོང་བུ་གཅིག་གྱུར། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་ལ་སྲུང་སྐྱོང་བྱས་ཏེ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁ་ཕྲལ་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་གཏམ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། སྲིད་གཞུང་དང་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དོ་དམ་ལ་སྲུང་བརྩི་ཞུ་བའི་དཔེ་སྟོན་པ་ཞིག་བྱས་ཏེ། ཆོས་ལུགས་འདི་ཉིད་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་ཆེད་སྐུལ་འདེད་ཧུར་ཐག་ཞུས་ཐོག བཀའ་དྲིན་ཤེས་པ་དང་། བཀའ་དྲིན་དྲན་པ། བཀའ་དྲིན་གཟོ་བ། བཀའ་དྲིན་ཚོར་བ་བཅས་རྒྱུན་འཁྱོངས་བྱ་རྒྱུ་མ་ཟད། ཁེ་ཕན་དེ་གང་ན་ཡོད་པ་དང་། ཁེ་ཕན་དེ་གང་ནས་ཡོང་བ། དྲིན་དེ་སུ་ལ་འཇལ་དགོས་པའི་གནས་ལུགས་ཤེས་ཐུབ་པ་བྱ་རྒྱུ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།