[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་མི་སྣ།
  • ས་པཎ་གྱི་ལོ་རྒྱུས་མདོར་ཙམ་ལས་ཁོང་གི་དགོངས་རྫོཌ་དུས་མཆོད་བསུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-01-11

    1170372953163693563.jpg

    དེ་རིང་ནི་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་དགོངས་རྫོགས་དུས་མཆོད་ཡིན་ཞིང་། ཁོང་ནི་ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་ཞིག་ཡིན། ས་སྐྱ་ཀུན་དགའ་སྙིང་པོ།  སློབ་དཔོན་བསོད་ནམས་རྩེ་མོ།  རྗེ་བཙུན་གྲགས་པ་རྒྱལ་མཚན་བཅས་གསུམ་སྟེ་ས་སྐྱ་དཀར་པོ་རྣམ་གསུམ་དང་།  ས་སྐྱ་ཀུན་དགའ་རྒྱལ་མཚན་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི་ས་སྐྱ་དམར་པོ་རྣམ་གཉིས་བཅས་ས་སྐྱ་གོང་མ་རྣམ་ལྔར་གྲགས།

    དཔལ་ཆེན་འོད་པོ་ཆེར་གདུང་སྲས་གཉིས་བྱུང་བའི་ནང་དང་པོ་ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་ནི་བོད་རབ་བྱུང་གསུམ་པའི་ཆུ་སྟག་སྤྱི་ལོ་1182ལོ་ནས་བོད་རབ་བྱུང་བཞི་པའི་ལྕགས་ཕག་སྤྱི་ལོ་1251ལོ་བར་ཁོང་ཆུང་ངུའི་དུས་ནས་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་དང་། ཁ་ཆེ་པཎ་ཆེན་ཤྰཀྱ་ཤྲི་སོགས་མཁས་པའི་བླ་མ་མང་པོ་བསྟེན་ནས་དཀའ་དཔྱད་སློབ་སྦྱོང་གནང་མཐར་བཅུ་ཕྲག་རིག་པའི་གནས་ལ་མངའ་བརྙེས་པའི་དོན་གྱི་པཎྡི་ཏའི་མཚན་སྙན་ཐོབ་པ་མ་ཟད། རྒྱལ་བའི་དགོངས་པ་རིག་པས་གཏན་ལ་འབེབས་པར་ཚད་མ་རིག་པ་གལ་ཆེ་བར་དགོངས་ནས《ཚད་མ་རིག་གཏེར》བརྩམས་པར་མཛད་པ་དང་། གཞན་ཡང་ཆོས《མངོན་པ་མཛོད་ཀྱཻ་རྡོ་རྗེའི་རྒྱུད་གསུམ》《རྡོ་རྗེའི་ཚིག་རྐང》《ཐུབ་པ་དགོངས་གསལ》《མཁས་པ་འཇུག་པའི་སྒོ》《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར》ལ་སོགས་པ་ཁྱད་འཕགས་ཀྱི་གསུང་རྩོམ་མང་པོ་གནང་ཞིང་།  སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པར་བརྟེན་རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་པའི་མཁས་པ་འཕྲོག་བྱེད་དགའ་བོ་རྩོད་པའི་སྒོ་ནས་ཕམ་པར་མཛད། བོད་རབ་བྱུང་བཞི་པའི་ཤིང་འབྲུག་སྤྱི་ལོ1244ལོར་ཧོར་ཇིང་གེར་རྒྱལ་པོས་གདན་དྲངས་པ་ལྟར་སྐུ་ན་བགྲེས་རུང་ལམ་ཐག་རིང་བའི་སྐུ་ངལ་དང་ཉེན་ཁར་མ་འཛེམས་པར་མེས་རྒྱལ་ནང་ཁུལ་དུ་ཆོས་སྡེ་ཆགས་པའི་འགོ་ཚུགས། རྒྱ་བོད་ཧོར་གསུམ་གྱི་སློབ་མ་དུ་མ་བྱུང་། རྒྱ་ཧོར་བོད་དབར་གྱི་འབྲེལ་བ་ཚུགས།  བོད་ཀྱི་སེར་སྐྱ་ཡོངས་ལ་ཡི་གེ་སྔ་ཕྱི་གཉིས་བཏང་ནས་ཧོར་གོང་མའི་བཀའ་ལ་གུས་བརྩི་ཞུས་ན་བོད་ལ་ཆོས་སྲིད་གང་ཐད་ལེགས་ལམ་ཆེ་བའི་སྐུལ་བརྡ་མཛད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།