[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་དང་འཇིག་རྟེན།
  • སྨོན་ལམ་ཚོགས་ཁྲོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-12-14

    བོད་ཀྱི་དགོན་སྡེ་ཁག་རྣམས་ལ་དགེ་འདུན་པའི་གསོལ་ཇ་དང་བཞེས་ཐུག་སྐོལ་སྣོད་ལ་ཚོགས་ཁྲོ་མི་ཉུང་བ་ཞིག་ལུགས་སུ་བླུགས་ཡོད། དེ་རྣམས་ནི་པེ་ཅིང་ནུབ་འདབས་ཀྱི་ཏཱ་ཀྲུང་སི་དགོན་པའི་གཡུང་ལོ་བོང་ཆེན་དང་འདྲ་བར་ལུགས་བཟོའི་བཟོ་རྩལ་མངོན་པའི་སྙན་གྲགས་ཅན་གྱི་ལོ་རྒྱུས་རིན་དངོས་ཡིན། རྒྱལ་ཕྱི་རྒྱལ་ནང་ཀུན་ཏུ་བོད་ཀྱི་ཚོགས་ཁྲོ་ལྟ་བུའི་ལྟོ་ཁོག་སྟོབས་པོ་ཆེ་དེ་འདྲ་ནི་ཤིན་ཏུ་ནས་དཀོན།  ལྷ་ས་ཁུལ་དུ་རྩད་ཆོད་པའི་ཚོགས་ཁྲོ་སྔ་ཤོས་ནི་ལུགས་སུ་བླུགས་ནས་ད་བར་ལོ་སུམ་བརྒྱ་ལྷག་ཙམ་སོང་ཞིང་།  ཚོགས་ཁྲོ་དེ་རྣམས་ཀྱིས་བོད་མི་དམངས་ཀྱི་རྣམ་རིག་དང་། བཟོ་རྩལ་གྱི་ཆུ་ཚད་མཚོན་ལ། སྐབས་དེའི་དགེ་འདུན་གྱི་འདུ་ཚོགས་དང་དགོན་སྡེའི་འཚོ་བ་བཅས་ལ་ཞིབ་འཇུག་བྱེད་པའི་གནད་ཆེའི་དཔྱད་གཞི་མཁོ་འདོན་བྱས་པ་ཞིག་ཀྱང་རེད། གཙུག་ལག་ཁང་དུ་སྨོན་ལམ་ཚོགས་ཆེན་སྐབས་སུ་བེད་སྤྱོད་གཏོང་བའི་ཚོགས་ཁྲོ་ཁ་ཤས་ཡོད་པ་ལས།

    རྗེ་ཙོང་ཁ་པས་སྲོལ་གཏོད་གནང་བའི་ལྷ་ལྡན་སྨོན་ལམ་ཆེན་མོ་ནི། ལོ་རེ་ལས་ལོ་རེར་དགེ་འདུན་འདུས་པ་ཇེ་མང་དུ་འཕེལ་སྟབས་གསོལ་ཇ་དང་བཞེས་ཐུག་སྐོལ་སྣོད་དེ་ལ་གཞིགས་པ་ཞིག་དགོས་པས། རྒྱལ་མཆོག་ལྔ་པ་ཆེན་པོས་བོད་མེ་ལུག་སྤྱི་ལོ་༡༦༦༧ལོ་ལ་ལུང་བཅུ་ཅན་གྱི་ཚོགས་ཁྲོ་གཉིས།  དོག་བདེ་ལྷོ་མོས་སུ་བླུགས། ཕྱག་ནས་གཏོར་བས་མཐིལ་དུ་ནོར་བུའི་རི་མོ་རང་བྱོན་དུ་བྱུང་བ་ཞེས་ཟེར་སྲོལ་ཡོད་པ་དེ་ལ་དགེ་འདུན་ཁྲི་གཉིས་ལྷག་ཙམ་གྱི་གསོལ་ཇ་སྐོལ་ཐུབ། ཤིང་རར་ཡོད་པའི་ཁྲོ་ཆེན་གྱི་ཁ་འཁོར་ལ་སྤྱི་ཁྲེ་བདུན་དང་གྲགས་ཆུང་གསུམ། དཔངས་ལ་སྤྱི་ཁྲེ་གཅིག་དང་གྲགས་ཆུང་གཅིག   ལུང་བཅུ་གཉིས་བཅས།  ཁྱམས་རའི་སྒོ་འཕྱོར་ལྷོར་ཡོད་པའི་ཁྲོ་ཆེན་གྱི་ཁ་འཁོར་ལ་སྤྱི་ཁྲེ་བདུན་གྲངས་ཆུང་གཅིག  དཔངས་ལ་སྤྱི་ཁྲེ་གཅིག   ལུང་བཅུ་གཉིས་བཅས་ཡོད་པ་དེ་ནི་བོད་རབ་བྱུང་བཅོ་ལྔ་པའི་ས་ཕག་ལོར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོས་སྲིད་དབང་སྐྱོང་གནང་སྐབས་སུ་ཕུལ།  ཁྱམས་རའི་སྒོ་འཆོར་གྱི་འགྲམ་དུ་ཡོད་པའི་ཁྲོ་ཆེན་གྱི་འཁོར་ལ་སྤྱི་ཁྲེ་བརྒྱད་དང་གྲངས་ཆུང་བརྒྱད།  དཔངས་ལ་སྤྱི་ཁྲེ་གཅིག་དང་གྲངས་ཆུང་ལྔ་ཡོད། སེ་ར་སྟག་སྒོའི་ཚོགས་ཁྲོ་ཆེ་བའི་ཁ་འཁོར་ལ་སྤྱི་ཁྲེ་བདུན་དང་གྲངས་ཆུང་བརྒྱད། དཔངས་ལ་སྤྱི་ཁྲེ་གཅིག་དང་གྲངས་ཆུང་གཅིག་ཙམ། བོད་རབ་བྱུང་བཞི་པའི་ཤིང་སྟག་སྤྱི་ལོ་༡༨༤༩ལོར་རྭ་སྒྲེང་རྒྱལ་ཐོག་དང་པོ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་སྐབས་ས་གནས་སྲིད་གཞུང་ནས་ཕུལ།  སེ་ར་སྟག་སྒོའི་ལྕགས་ཁྲོའི་ཁ་འཁོར་ལ་སྤྱི་ཁྲེ་བདུན་དང་གྲངས་ཆུང་དགུ་ལྔ། དཔངས་ལ་སྤྱི་ཁྲེ་གཅིག་དང་གྲངས་ཆུང་གཉིས་ཙམ། མཐུག་ཚད་སྤྱི་ཁྲེ་ཀླད་ཀོར་དང་གྲངས་ཆུང་གཉིས་ལྔ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།