[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ནང་བསྟན་གྲུབ་མཐའ།
  • ཞྭ་ལུ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-10-13

    ཞྭ་ལུ་པའི་གྲུབ་མཐའ་འམ་བུ་ལགས་པ་ནི། བསྟན་པ་ཕྱི་དར་སྐབས་དབུས་གཙང་གི་མཁས་པ་བཅུའི་ནང་ནས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་སློབ་མ་རྗེ་བཙུན་ཤེས་རབ་འབྱུང་གནས་དང་། རྒྱན་གོང་བཙིགས་པ་གཉིས་མཆོད་ཡོན་ཟུང་གིས་ཞྭ་ལུ་གསེར་ཁང་སྤྱི་ལོ་༡༠༠༣བོད་ཆུ་ཡོས་ལོར་བཏབ། བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ཀྱིས་བཀའ་པོད་བཞིའི་བཤད་གྲྭ་བཙུགས། དེ་ནས་བུ་ལུགས་པ་ཞེས་གྲས། བུ་སྟོན་རིན་ཆེན་གྲུབ(སྤྱི་ལོ་༡༢༩༠— ༡༣༦༣)ནི་གཙང་ཤབ་སྨད་དུ་འཁྲུངས། ཞྭ་ལུ་ཆོས་སྡེར་འཆད་ཉན་ཡུན་རིང་མཛད། རྒྱ་གར་ནས་བོད་དུ་འགྱུར་བའི་གླེགས་བམ་མཐའ་དག་ཞིབ་མོར་དཔྱད་དེ་བསྒྲིགས་རིམ་སྔ་ཕྱི་གཏན་འབེབས་མཛད་དེ་བསྟན་འགྱུར་དེ་རྣམས་གཅིག་ཏུ་བསྟན་པའི་རྩ་ལག་ཏུ་གྱུར། མདོ་སྔགས་གཉིས་དང་རིག་གནས་ཆེ་ཆུང་གི་གཞུང་དང་འགྲེལ་བཤད་བརྒྱ་ཕྲག་དུ་མ་བརྩམས་ཏེ་གསུང་རྩོམ་པོ་ཏི་ཉི་ཤུ་རྩ་དྲུག་ཡོད། ལྷག་པར་དུ་ཁོང་གིས་མཛད་པའི་ཆོས་འབྱུང་ཡོངས་གྲགས་སུ《བུ་སྟོན་ཆོས་འབྱུང》ཞེས་པ་དེར་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པས་ན་ཤིན་ཏུ་ནས་གྲགས་ཆེ། དགུང་ལོ་སུམ་ཅུ་ཡན་ལ་ཁྲོ་ཕུར་བཞུགས། དེ་ནས་ཞྭ་ལུ་ཀོ་ཤམ་པ་སོགས་ཀྱིས་ཞྭ་ལུར་གདན་དྲངས། རྒྱུད་སྡེ་བཞིའི་སྒྲུབ་མཆོད་སོགས་བཙུགས། ཁོང་ནི་ས་པཎ་གྱི་རྗེས་དང་རྗེ་ཙོང་ཁ་པ་མ་བྱོན་བར་བོད་ཀྱི་མཁས་པ་ཆེ་ཤོས་ཞིག་ཡིན། ཡོན་རྒྱལ་རབས་ཀྱི་གོང་མས་རྒྱ་ནག་ཏུ་གདན་དྲངས་ནའང་མ་ཕེབས། དེའི་རྒྱུད་འཛིན་རིམ་བྱོན་རྣམས་ལ་ཞྭ་ལུ་པའི་གྲུབ་མཐའ་འམ་བུ་ལུགས་ཞེས་གྲགས།


    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།