[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ནང་བསྟན་གྲུབ་མཐའ།
  • བོ་དོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-10-13

    བོ་དོང་བཤད་གྲྭ་ཆེན་པོ་བྱུང་བས་མཁས་གྲུབ་མང་པོ་ཐོན། ལྷག་པར་དུ་བོ་དོང་ཕྱོགས་ལས་ཕྱོགས་ལས་རྣམ་རྒྱལ(སྤྱི་ལོ་༡༣༧༥— ༡༤༥༡)ཡང་དེའི་མཁས་པ་ཡིན། མཁན་ཆེན་དེའི་མཚན་གྱི་རྣམ་གྲངས་སུ་འཇིགས་མེད་གྲགས་པ་དང་། ཆོས་ཀྱི་རྒྱལ་མཚན་སོགས་ཡོད། མདོ་སྔགས་རིག་གནས་ཐམས་ཅད་ཐུགས་སུ་ཆུད་པས་གྲགས་པ་ཆེ། ཁྱད་པར་དུ་སྙན་ངག་ལ་མཁས་པའི་ཕུལ་དུ་བྱུང་བར་གྱུར།  《དེ་ཉིད་འདུས་པ》སོགས་པོ་ཏི་བརྒྱར་ལོངས་པ་བརྩམས་པས་བོད་དུ་བསྟན་བཅོས་མང་ཤོས་ཡིན། གཡག་སྡེ་པཎ་ཆེན་དང་རོང་ཊཱི་ཀ་པ་གཉིས་ཀ་རྩོད་པས་ཕམ། ངམ་རིང་དུ་ས་པཎ་གྱི《ཚད་མ་རིགས་གཏེར》ལ་དགག་པ་མཛད་པར་མཁས་གྲུབ་རྗེས་སྐུ་ན་ཕྲ་དུས་རྩོད་པས་བཅོམ་པར་བྱས། རྗེ་རིན་པོ་ཆེ་དངོས་སུ་མ་མཇལ་ཡང་མོས་པས་ཞུ་ཡིག་ཕུལ་འདུག དཔལ་མོ་ཆོས་སྡིངས་སོགས་དགོན་སྡེ་ཁ་ཤས་བཏབ་ནས་དེར་འཆད་ཉན་མཛད་པས། བོ་དོང་བའི་གྲུབ་མཐའ་དར། འོན་ཏེ་ཡུན་རིང་གནས་མེད་དོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།