[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ནང་བསྟན་གྲུབ་མཐའ།
  • བཀའ་བརྒྱུད་གྲུབ་མཐའི་འཕེལ་རིམ་ཤིན་ཏུ་བསྡུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-04-18

    བཀའ་བརྒྱུད་གྲུབ་མཐའི་འཕེལ་རིམ་ནི་གྲུབ་ཆེན་ཏཻ་ལོ་པ་ནས་བརྒྱུད་པའི་གསང་བ་འདུས་པའི་བཀའ་བབས་དང་། མ་རྒྱུད་འཁོར་ལོ་བདེ་མཆོག་གི་བཀའ་བབས། རྨི་ལམ་དང་བར་དོའི་བཀའ་བབས། འཕོ་བ་དང་གྲོང་འཇུག་བཀའ་བབས་ཏེ་བཀའ་བབས་བཞི་པོ་དེ་དག་ཏཻ་ལོ་པ་ནས་ནཱ་རོ་པར་བརྒྱུད། ནཱ་རོ་པ་ནས་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ལ་བརྒྱུད། མར་པ་ལོ་ཙཱ་བ་ནས་རྗེ་བཙུན་མི་ལ་རས་པར་བརྒྱུད། མི་ལ་རས་པས་དྭགས་པོ་ལྷ་རྗེར་བརྒྱུད་པ་སོགས་ལ་བརྟེན་ནས་བཀའ་བརྒྱུད་པ་ཞེས་པའི་གྲུབ་མཐའ་དང་དེ་དག་གི་སློབ་མ་སོ་སོས་ཆོས་སྤེལ་སའི་དགོན་སྡེ་མི་འདྲ་བ་བཏབ་པ་ལ་སོགས་པའི་རྐྱེན་བྱས་ཏེ་གཞི་ལྟ་བའི་ངོས་འཛིན་ཐད་ཕྱག་རྒྱ་ཆེན་པོའི་ལྟ་བ་ཞེས་སྟོང་པ་ཉིད་ཀྱི་ངོས་འཛིན་ཐད་གཅིག་གྱུར་ཡིན་ནའང་། ཤངས་པ་བཀའ་བརྒྱུད་དང་། དྭགས་པོ་བཀའ་བརྒྱུད་ཅེས་རྩ་བའི་སྡེ་གཉིས་ཀྱི་ཐོག་དྭགས་པོ་བཀའ་བརྒྱུད་ལ་དྭགས་པོ་ལྷ་རྗེ་རང་ནས་ཐད་ཀར་བརྒྱུད་པའི་བཀའ་བརྒྱུད་ཆེ་བ་བཞི་སྟེ། ཕག་གྲུ་བཀའ་བརྒྱུད་དང་། འབའ་རོམ་བཀའ་བརྒྱུད།  ཚལ་པ་བཀའ་བརྒྱུད། ཀརྨ་བཀའ་བརྒྱུད་བཅས་དང་། དྭགས་པོ་ལྷ་རྗེའི་དངོས་སློབ་ཕག་མོ་གྲུབ་པ་རྡོ་རྗེ་རྒྱལ་པོའི་སློབ་མ་རྣམས་ཀྱིས་སྤེལ་བའིབཀའ་བརྒྱུད་ཆུང་བ་བརྒྱད་དེ། འབྲི་གུང་བཀའ་བརྒྱུད་དང་། སྟག་ལུང་བཀའ་བརྒྱུད།  འབྲུག་པ་བཀའ་བརྒྱུད།  ཁྲོ་ཕུ་བཀའ་བརྒྱུད།  སྨར་ཚང་བཀའ་བརྒྱུད།  ཡེར་པ་བཀའ་བརྒྱུད།  གཡའ་བཟང་བཀའ་བརྒྱུད།  ཤུག་གསེབ་བཀའ་བརྒྱུད་བཅས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པ་རྣམས་ཡིན་ནོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།