[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>གསུང་རྩོམ།
  • 《བོད་སྡོད་ཨམ་བན་གྱི་ལམ་ལུགས་གསར་འགྲེལ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-06

     ཉེ་ཆར། རྒྱལ་ནང་དུ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་ཆིང་རྒྱལ་རབས་ཀྱི་བོད་སྡོད་ཨམ་བན་ལམ་ལུགས་ལ་གསར་འགྲེལ་བྱས་པའི་བརྩམས་ཆོས《བོད་སྡོད་ཨམ་བན་གྱི་ལམ་ལུགས་གསར་འགྲེལ》དེབ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། དེབ་འདི་བོད་ཀྱི་མཁས་པ་མ་ཅིང་ལིན་གྱིས་བརྩམས་པ་དང་། གླིང་ལྔའི་ཁྱབ་སྤེལ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་ཞིག་ཡིན་ཞིང་། དེ་ནི་བོད་སྡོད་ཨམ་བན་གྱི་ལམ་ལུགས་སྐོར་ལ་ཞིབ་འཇུག་དང་ལམ་ལུགས་ཀྱི་རིམ་པར་དམིགས་ནས་ཞིབ་ཕྲའི་སྒྲིག་གཞིའི་བརྒྱུད་རིམ་ནང་དོན་དངོས་དང་མཐུན་ལ་བཅོས་མིན་ཡིན་པའི་བརྩོན་ལེན་བྱས་ཡོད། དེབ་དེར་སྟོད་ཆ་བོད་སྡོད་ཨམ་བན་གྱི་ལམ་ལུགས་དང་སྨད་ཆ་བོད་སྡོད་ཨམ་བན་གྱི་ལམ་ལུགས་ཡིག་ཐོག་ཏུ་བཀོད་མེད་པའི་ལོ་རྒྱུས་ཁག་ཆེན་པོ་གཉིས་ལ་ཕྱེ་ཡོད་པ་དང་། བོད་སྡོད་ཨམ་བན་ལམ་ལུགས་ཀྱི་གྲུབ་སྟངས་དང་འགྱུར་ལྡོག་དང་། ཆིང་རྒྱལ་རབས་ཀྱིས་བོད་སྡོད་ཨམ་བན་ལ་དོ་དམ་དང་། ལས་གནས་ཀྱི་ངོ་བོ། ཡ་མོན། བོད་སྡོད་དམག་དཔུང་སོགས་ཐད་ཀྱི་ལོ་རྒྱུས་ལ་གཙོ་གནད་ཐོག་གསར་འགྲེལ་བྱས་ནས་ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། ཆ་ཚང་བ་བཅས་ཀྱི་སྒོ་ནས་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་བཅོས་སྐྱོང་བྱས་པའི་ལམ་ལུགས་ཀྱི་སྒྲོམ་གཞི་གསེད་བཀྲོལ་དང་མངོན་པར་བྱས་ཡོད་པ་དང་འབྲེལ། བོད་སྡོད་ཨམ་བན་གྱི་ཡིག་ཐོག་ཏུ་བཀོད་མེད་པའི་ལོ་རྒྱུས་ཁག་གཅིག་བདམས་ནས་སྐབས་དེ་དུས་བོད་སྡོད་ཨམ་བན་བོད་དུ་ལས་དོན་སྒྲུབ་པ་དང་འཚོ་བ་སྐྱེལ་བའི་ཞིབ་ཕྲའི་རྣམ་པ་རགས་བྲིས་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།