[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • ཧོ་པེ་ཁྲེན་ཏེའི་བཀྲ་ཤིས་ལྷུན་པོ་དགོན་གྱི་རྩ་ཆེའི་རིག་དངོས་ཕོ་བྲང་རྙིང་པར་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-10

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་8ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། “ཧོ་པེ་ཁྲེན་ཏེའི་བཀྲ་ཤིས་ལྷུན་པོ་དགོན་དང་གོང་མའི་ཕོ་བྲང”གི་འགྲེམས་སྟོན་ཚེས་8ཉིན་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་པ་དང་། གོང་མའི་ཕོ་བྲང་ཕྱག་བཏབ་ནས་ལོ་ངོ་600འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་ཡང་སྤེལ་འགོ་ཚུགས་ལ། ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་དང་བཀྲ་ཤིས་ལྷུན་པོ་དགོན་དུ་ཉར་ཚགས་བྱས་པའི་རྩ་ཆེའི་རིག་དངོས་ཁག་280ལས་རྒྱ་ཆེའི་ལྟད་མོ་བ་ལོ་རྒྱུས་ཀྱི་ཀློང་དུ་ཁྲིད་ནས་བོད་བརྒྱུད་ནང་བསྟན་རིག་གནས་སྒྱུ་རྩལ་གྱི་རྒྱ་ཆེ་ལ་གཏིང་ཟབ་པའི་ནང་དོན་མྱོང་རོལ་བྱེད་དུ་འཇུག་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ནི་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་ཚུན་དུ་པཎ་ཆེན་སྐུ་ཐོག་རིམ་བྱོན་དང་དེ་བཞིན་ཕོ་བྲང་གྱི་ནང་བསྟན་སྒྱུ་རྩལ་བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པ་དང་ཆབས་ཅིག བཀྲ་ཤིས་ལྷུན་པོ་དགོན་གྱི་རིག་དངོས་དགོན་པ་ནས་ཐོན་ཏེ་རྟེན་རྫས་བཤམས་སྟོན་ཁང་དུ་འགྲེམས་སྟོན་བྱེད་ཐེངས་དང་པོའང་རེད།

    ཐེངས་འདིའི་འགྲེམས་སྟོན་ལ“བཀྲ་ཤིས་ལྷུན་པོ་དགོན་ནས་གོང་མའི་ཕོ་བྲང་བར”དང་། “བཀྲ་ཤིས་ལྷུན་པོ་དགོན་གྱི་སྒྱུ་རྩལ” “པཎ་ཆེན་སྐུ་ཕྲེང་དྲུག་པའི་རྩ་ཆེའི་ཤུལ་བཞག” “འཆམ་མཐུན་བཀྲ་ཤིས”བཅས་བརྗོད་དོན་གཙོ་བོ་བཞི་རུ་ཕྱེ་ཡོད་པ་དང་། མདུན་གྱི་བརྗོད་དོན་གཙོ་བོ་3ནི་རིག་དངོས་ཀྱི་ཆེད་དོན་འགྲེམས་སྟོན་ཡིན་པ་དང་། “འཆམ་མཐུན་བཀྲ་ཤིས”ནི་རིག་གནས་གསར་གཏོད་འགྲེམས་ཁུལ་ཡིན་པ་དེར་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་དང་བཀྲ་ཤིས་ལྷུན་པོ་དགོན་གྱི་རིག་གནས་གསར་གཏོད་སྤུས་རྟགས“བཀྲ་ཤིས་ཁྲ་རིང”གིས་ཐུན་མོང་ཐོག་བཏོད་པའི་“བཀྲས་ལྷུན་དང་ཕོ་བྲང་རྙིང་པ”ཞེས་པའི་མུ་འབྲེལ་ཐོན་རྫས་ཚུད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།