[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • བོད་ཀྱིས“རིག་གནས་བསམ་བཀོད་ཀྱི་བོད་ལྗོངས”ཞེས་པའི་སྤུས་རྟགས་ཁས་ལེན་གྱི་ཐོན་རྫས་བསྡུ་རུབ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-06

    ཉེ་ཆར། རང་སྐྱོང་ལྗོངས་རིག་གནས་ཐིང་གིས་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་དང་རིག་གནས་བསམ་བཀོད་ཀྱི་ཐོན་རྫས(རྣམ་གྲངས)གསར་པའི་ཞིབ་སྤེལ་ལ་དམིགས་ཏེ་རིག་གནས་དང་ཡུལ་སྐོར་ལས་རིགས་སོགས་ཁྱད་ལྡན་རིག་གནས་བསམ་བཀོད་ཀྱི་ཐོན་ལས་ཆེན་པོ་བརྒྱད་ཀྱི་ནང་དོན་བསྡུ་རུབ་བྱ་ཡུལ་ལ་བརྩིས་ནས་ལྗོངས་ཡོངས་ལ་ཕྱོགས་ཏེ“རིག་གནས་བསམ་བཀོད་ཀྱི་བོད་ལྗོངས”ཞེས་པའི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཁས་ལེན་གྱི་ཐོན་རྫས་བསྡུ་རུབ་བྱེད་སྒོའི་སྤྱི་བསྒྲགས་བཀྲམ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“རིག་གནས་བསམ་བཀོད་ཀྱི་བོད་ལྗོངས”ཞེས་པའི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཁས་ལེན་གྱི་ཐོན་རྫས་ཀྱི་བསྡུ་རུབ་བྱེད་སྒོས་རིག་གནས་ཡུལ་སྐོར་ལས་རིགས་དང་། འཁྲབ་སྟོན་རོལ་རྩེད་ལས་རིགས། མི་རིགས་ལག་ཤེས་བཟོ་རྩལ་ལས་རིགས། ཚོགས་འགྲེམས་དུས་སྟོན་ལས་རིགས། དཔེ་སྐྲུན་གློག་བརྙན་བརྙན་འཕྲིན་ལས་རིགས། ལུས་རྩལ་རིག་གནས་ལས་རིགས། རིག་གནས་ཐོན་རྫས་ཀྱི་གྲངས་གཞི་བཟོ་བ། རིག་གནས་བསམ་བཀོད་ཀྱི་གཞུང་ལས་མཁོ་ཆས་བཅས་ཁྱད་ལྡན་རིག་གནས་བསམ་བཀོད་ཀྱི་ཐོན་ལས་ཆེན་པོ་བརྒྱད་ཀྱི་ནང་དོན་བསྡུ་རུབ་བྱ་ཡུལ་དུ་བྱས་ཏེ་ལྗོངས་ཡོངས་དང་སྤྱི་ཚོགས་ལ་ཕྱོགས་ནས་བསྡུ་རུབ་ཀྱི་བརྡ་ཐོ་བཏང་བ་རེད།

    རང་སྐྱོང་ལྗོངས་རིག་གནས་ཐིང་ཐོན་ལས་འཕེལ་རྒྱས་དང་ཐོན་ཁུངས་གསར་སྤེལ་ཁྲུའི་ཁྲུའུ་ཀྲང་ནོར་བུ་ཚེ་རིང་གིས། མིག་སྔར“བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་སྐར་ཁུང”ཞེས་པས་རྒྱལ་ནང་དུ་སྐར་ཁུང་8བཙུགས་པ་དང་དྲ་ཐོག་གི་ལས་སྟེགས་3གཉེར་སྐྱོང་བྱ་ཉེར་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། “རིག་གནས་བསམ་བཀོད་ཀྱི་བོད་ལྗོངས”ཞེས་པའི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱི་རིག་གནས་བསམ་བཀོད་ཐོན་རྫས(རྣམ་གྲངས)ཡིན་ཕྱིན། ལྗོངས་རིག་གནས་ཐིང་གིས་ཆེད་ལས་ཀྱི་ཚོགས་པ་བཀོད་སྒྲིག་བྱས་ནས་རིན་མེད་པར་རྒྱག་འཚོལ་བསྡུ་དང་ཕབ་འཇུག་བྱས་ནས་དེབ་བཟོས་ཏེ《“རིག་གནས་བསམ་བཀོད་ཀྱི་བོད་ལྗོངས”ཞེས་པའི་ཁས་ལེན་ཐོ་འགོད་སྙན་སེང་ཐོན་རྫས(རྣམ་གྲངས)ཀྱི་དཀར་ཆག》ནང་བཅུག་ནས“བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་སྐར་ཁུང”སོགས་རྒྱུན་གནས་རང་བཞིན་གྱི་ཉོ་ཚོང་ཞབས་ཞུའི་ལས་སྟེགས་ཀྱི་དྲ་ཐོག་དང་དྲ་ཕྱིའི་ལས་སྟེགས་11དང་སྦྲེལ་མཐུད་ཐུབ་རེ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།