[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་པའི་སྟེང་ཞུས་བཤེར་གཏན་འབེབས་བྱས་པའི་བརྡ་ཆད་སྤྱི་བསྒྲགས།

  • ཡོང་ཁུངས།   རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་པ་ནས།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-25

    ཞིང་ཆེན(ས་ཁུལ)དང་། ཁུལ(གྲོང་ཁྱེར)  རྫོང་སོ་སོའི་བོད་ཡིག་སྨྱན་སྦྱོར་ལས་ཁུངས་ལ།

    2019ལོའི་ཟླ་7པའི་ཚེས་18ནས་22ཉིན་བར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཚགས་པར་ཁང་དང་རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་པ་རེབ་གོང་དུ་འཚོགས་པ་དང་། ཚོགས་འདུའི་སྟེང་། བརྡ་ཆད་ཞུས་བཤེར་གཏན་འབེབས་ཚོགས་ཆུང་གིས་ནན་ཏུར་དང་འགན་འཁུར་བའི་རྣམ་འགྱུར་བཟུང་སྟེ། ཐེངས་འདིའི་ཚོགས་འདུའི་སྟེང་འབྱོར་བའི་བརྡ་ཆད་གསར་པ་384ལ་གཟབ་ནན་སྒོས་ཞུས་བཤེར་བགྱིས་མཐར། བསྡོམས་པས་བརྡ་ཆད་80ཞུས་བཤེར་གཏན་འབེབས་བྱས་ཡོད། གཤམ་དུ་དངོས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས། ལས་ཁུངས་སོ་སོས་ངེས་པར་དུ་འདི་ལྟར་གཅིག་གྱུར་བཀོལ་སྤྱོད་གནང་རོགས།

    རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་པ་ནས།

    སྤྱི་ལོ2019ལོའི་ཟླ7པའི་ཚེས22ཉིན། 

    ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ།   不忘初心 牢记使命

    སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ།   两不愁三保障 

    བསམ་འདུན་སྲུང་།   守初心

    འགན་འཁྲི་འཁུར།   担使命 

    ཧེ་བག་འཚོལ།   找差距 

    དོན་འཁྱོལ་བྱེད།   抓落实 

    ཆབ་སྲིད་ངེས་གནས།   政治定位

    ཆབ་སྲིད་ཚུགས་གནས།   政治站位

    ངེས་གནས།   定位 

    དབུལ་སྐྱོར་འཁོར་ཁང་།   扶贫车间 

    ཁྲལ་རིན་གཉིས་གཅོག   减税降费 

    གྲོང་ཚོ་ཀུན་ཁྱབ་དྲ་ཆེན།   村通宽带 

    རང་གཟབ་ཆུང་ཟོན།   慎独慎微

    རྒྱབ་རྩ།   保护伞 

    ངན་ཤུགས།   恶势力 

    ཀུན་བརྟག་སྨན་པ།   全科医生

    ཟོང་འགྲུལ།   物流 

    སྤྲིན་ལས།   云工程

    འཁྱུག་དབྱིངས།   抖音 

    མཚང་འདྲུ།   吐槽

    མཱ་ཐེ་ནུས་འབྲས།   马太效应 

    ལུག་ཁྱུའི་ནུས་འབྲས།   羊群效应

    གཉིས་བརྒྱད་ངེས་སྲོལ།   二八定律

    ནང་དོན་ལས་གཏོད།   内容创业

    ནང་དོན་དངུལ་སྤྲོད།   内容付费 

    ནང་དོན་འཛད་སྤྱོད།   内容消费 

    ནང་དོན་གློག་འཚོང་།   内容电商

    སྤྱི་ཁོངས་བཞུར་ཚད།   公域流量

    སྒེར་ཁོངས་བཞུར་ཚད།   私域流量

    དྲ་མི་གྲགས་ཅན།   网红 

    སྨྱན་སྟེགས་མང་འདུས་ཅན།   矩阵化

    ཐད་འདེམས།   海选

    དྲག་འདེམས།   遴选

    ཐོག་མའི་འགྲན་སྡུར།   初赛

    བསྐྱར་འགྲན།   复赛

    རྟིང་རྩོད་འགྲན་སྡུར།   决赛 

    བང་རྒྱུག་འགྲན་སྡུར།   速度赛马

    རྒྱང་རྒྱུག་འགྲན་སྡུར།   耐力赛马

    གོམ་འགྲོས་འགྲན་སྡུར།   走马赛

    སྲུབས་མེད་འབྲེལ་མཐུད།   无缝对接

    མི་མེད་པར་ལེན་གནམ་གྲུ།   无人航拍机

    བཀག་རྒྱ་གསལ་ཐོ།   负面清单 

    དྲ་ལམ་ཐད་གཏོང་།   网络直播 

    མིས་བཟོས་རིག་སྟོབས།   人工智能 

    སྤྲིན་ལག་རྩལ།   云技术  

    ཟོང་འབྲེལ་དྲ་བ།   物联网   

    བརྒྱུད་རིམ་ཧྲིལ་བོའི་སྨྱན་སྦྱོར།   全程媒体 

    ཆ་འཕྲིན་ཀུན་འདུས་སྨྱན་སྦྱོར།   全息媒体

    ལས་མི་ཀུན་འདུས་སྨྱན་སྦྱོར།   全员媒体

    ཕན་ནུས་ཀུན་འདུས་སྨྱན་སྦྱོར།   全效媒体 

    རྟོག་བཟོས་དངོས་ཡོད།   虚拟现实 

    གླེང་བརྗོད་སྐྱེ་ཁམས།   舆论生态 

    ཆབ་སྲིད་སྐྱེ་ཁམས།   政治生态 

    སྒེར་སྨྱན།   自媒体 

    རིན་ཐང་འཛིན་ཕྱོགས།   价值取向

    ཕུད་སྤེལ་ལམ་ལུགས།   首发制 

    མང་སྤེལ་ལམ་ལུགས།   多发制 

    མྱུར་སྐྱེལ།   快递 

    མངགས་ཟས།   外卖

    གཡོ་བུན།   套路贷

    འཇམ་པོའི་དྲག་ཤུགས།   软暴力

    རྒྱབ་རྩ་གཏོར།   破网打伞

    ནོར་འཇོམས་ཁྲག་འགོག   打财断血

    བཙན་འདེམས།   霸选 

    གཡོ་འདེམས།   骗选

    གསུག་འདེམས།   贿选

    དྲག་སྤྱོད་བཅོས་སྐྱོང་།   拳头整治

    ཧེག་པའི་ཆབ་སྲིད།   黑客政治 

    འབྲེལ་རྒྱ།   关系网 

    ཡིན་ཕྱིན་གཉིས།   两个一律

    མཉམ་བཤེར་སྒྲིག་གཞི།   联审机制 

    གྲོང་གཤེད།   村霸

    ལམ་གཤེད།   路霸

    སྲང་གཤེད།   街霸 

    ཡུལ་གཤེད།   乡霸

    གཞི་རིམ་བྱ་སྒྲུབ་ཚན་ཆུང་།   下沉组 

    ཁྲིད་ཐུན་གཅིག་དང་བསྐྱོད་པ་བཞི།   一讲堂 四走进 

    འཇོན་ཐང་ངོ་མ་ངོམ་པ།   真人秀

    སྔ་རྡུང་ཆུང་རྡུང་།   打早打小

    རྡུང་རྡེག་གནད་སྨིན།   打准打实 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།