[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • བརྙན་འཕྲིན་ཡིག་སྒྱུར་ཁྲོད་ཀྱི་དཀའ་གནད་སེལ་ཐབས་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-28

    ཡིག་སྒྱུར་ནི་མི་རིཊ་ཕན་ཚུན་དབར་རིག་གནས་སྤེལ་རེས་བྱེད་པའི་སྤྱི་ཚོཊ་ཀྱི་བྱེད་སྒོ་ཞིག་ཡིན་ལ། མི་རིགས་ཤིག་གི་སྐད་ཡིག་ལས་བྱུང་བའི་བརྩམས་ཆོས་སོཊ་མི་རིགས་གཞན་ཞིག་གི་སྐད་ཡིག་ཏུ་ཕབ་བསྒྱུར་བྱས་ཏེ། རྒྱ་ཆེའི་ཀློག་པ་པོའམ་གསན་པ་པོར་མ་ཡིག་གི་གོ་དོན་ཇི་མ་ཇི་བཞིན་སྟོན་པའི་འདུ་འགོད་ཅིག་ཀྱང་ཡིན། ཡིག་སྒྱུར་མཁན་ནམ་ལོ་ཙཱ་བ་ནི་བརྩམས་ཆོས་དག་རང་རིགས་ཀྱི་ཀློག་པ་པོས་གོ་བར་བྱེད་མཁན་ཡིན་པས། ལོ་ཙཱ་བ་ཚད་ལྡན་པ་ཞིག་བྱེད་ཐུབ་ན་ལོང་བའི་མིག་འབྱེད་པ་ལྟ་བུའི་དགེ་མཚན་ཐོན་སྲིད། འོན་ཀྱང་མ་ཡིག་གི་ནང་དོན་ཕབ་བསྒྱུར་ཡག་པོ་ཞིག་མ་བྱུང་ན། ལོང་བས་ལོང་བ་འཁྲིད་པའི་དཔེ་ལྟར་འགྱུར་སྲིད་པས། ངེས་པར་དུ་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ནང་འཕྲད་པའི་འགག་གནད་དག་ལེགས་པར་བསལ་ཏེ། ཡིག་སྒྱུར་གྱི་སྤུས་ཚད་འགན་ལེན་བྱེད་པ་ནི་ཧ་ཅང་གལ་འགངས་ཆེ།

    ཡིག་སྒྱུར་གྱི་དམིཊ་ཡུལ་གཙོ་བོ་ནི་རང་མི་རིཊ་ཀྱི་རིག་གནས་ཕུན་སུམ་ཇེ་ཚོཊ་དང་མི་དམངས་མང་ཚོཊ་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང་། ཡིག་སྒྱུར་བས་གནད་འདི་དོན་རྩར་མ་བཟུང་ན་བོད་ཡིག་ཡིན་ཀྱང་བོད་ཀྱི་བརྡ་སྤྲོད་དང་བོད་སྐད་ཀྱི་ཐུན་མིན་ཁྱད་ཆོས་མངོན་མི་ཐུབ་ལ་འགྱུར་ཡིག་གི་ནང་དོན་ཡང་གོ་དཀའ། ང་ཚོ་བརྙན་འཕྲིན་ཡིག་སྒྱུར་བྱེད་མཁན་ནམ་ཡང་ན་ལས་རིགས་གཞན་དག་གི་རྒྱ་བོད་ལོ་ཙཱའི་ལས་ལ་གཞོལ་མཁན་ཚང་མས་ཀློག་པ་པོའམ་ཉན་པ་པོ་དག་ལ་ཞབས་ཞུ་ལེཊ་པོ་ཞིག་ཞུ་ཐུབ་མིན་ཡང་ཡིག་སྒྱུར་བྱེད་རིང་། བསྒྱུར་བྱའི་མ་ཡིག་གི་དོན་འཁྲུལ་བ་མེད་པར་སྟོན་ཐུབ་མིན་ལ་རག་ལུས།

    རྩ་དོན་གཉིས་པ་ནི་ཀློག་པ་པོས་གོ་བདེ་བར་བསྒྱུར་དགོས། གོ་བདེ་ལ་ཚིག་སྦྱོར་ལེཊ་པ་ནི་ཀློག་པ་པོས་དོན་རྟོགས་མིན་གྱི་འགག་རྩ་ཡིན་པས། ནང་དོན་གོ་བདེ་དགོས་པ་མ་ཟད། འགྱུར་ཡིག་ལས་མ་རྩོམ་གྱིས་བསྟན་པའི་མི་རིགས་གང་དེའི་རིག་གནས་ཀྱི་ཁྱད་ཆོས་གསལ་བོར་མཚོན་དགོས། དེར་བརྟེན་བོད་ཡིག་ཏུ་སྒྱུར་བའི་རྩོམ་གང་འདྲ་ཡིན་ནའང་ངེས་པར་དུ་བོད་རང་ཉིད་ཀྱི་བརྡ་སྤྲོད་ཀྱི་ཁྱད་ཆོས་དང་སྐད་ཡིག་གི་ཆོས་ཉིད་སོཊ་གཙོ་བོར་བཟུང་ཐོག མ་ཡིག་གི་དྲོད་མ་ཉམས་ལ་བོད་ཡིག་དང་བོད་སྐད་ཀྱི་ཐུན་མིན་ཁྱད་ཆོས་མངོན་གསལ་དུ་ཐོན་དགོས། ཡིན་ནའང་དགོས་མཁོར་བལྟས་ཏེ་གལ་ཏེ་ཐ་སྙད་གསར་པ་མ་བཟོས་ན་མ་ཡིག་གི་དོན་ཕྱོཊ་ཡོངས་ནས་ལེཊ་པར་སྟོན་མི་ནུས་པའི་སྐབས་སུ། དོན་ཡང་དག་པར་བསྒྱུར་ཆེད། ཚིག་སྔ་ཕྱིའི་འབྲེལ་བ་དང་ཡིག་སྒྱུར་གྱི་གཞུང་ལ་གཞིགས་ནས་ཐ་སྙད་གསར་བཟོ་བྱེད་དགོས། ནང་དོན་གྱི་གོ་དཀའ་སླ་ནི་མ་རྩོམ་གྱིས་ཐག་བཅད་པ་ཡིན་ཡང་། ཡིག་སྒྱུར་ལས་ལ་གཞོལ་དུས་ང་ཚོས་ངེས་པར་དུ་གོ་བདེ་ལ་ཚིག་སྦྱོར་ལེཊ་པོ་ཡོང་ཆེད་འབད་འབུངས་ཧུར་བརྩོན་བྱེད་དགོས།

    དང་པོ།   མ་ཡིག་ལ་གོ་བ་ལེན་པའི་ནུས་པ་མཐོ་རུ་གཏོང་དགོས།

    མ་ཡིག་ལ་གོ་བ་ཡང་དག་ལེན་ཐུབ་མིན་ནི་ཡིག་སྒྱུར་ཡང་དག་པ་ཞིག་ཡོང་མིན་གྱི་འགག་གནད་ཡིན་ཞིང་། གལ་ཏེ་མ་ཡིག་གི་བསམ་བློའི་ནང་དོན་དང་སྐད་ཆའི་བཤད་སྟངས། དེ་བཞིན་ཚིག་འགྲོས་སོགས་གསལ་པོར་ཁོང་དུ་མ་ཆུད་ན། འགྱུར་ཡིག་གི་ནང་དོན་དང་བརྗོད་བྱ། དེ་བཞིན་རྩོམ་ཡིག་གི་རྣམ་པ་མ་ཡིག་དང་མཐུན་མི་ཐུབ་པས། ཚིག་དོན་ལ་གོ་བ་ཡག་པོ་ལེན་པ་ནི་ཡིག་སྒྱུར་བྱེད་པའི་གོམ་པ་དང་པོ་ཡིན་ཞིང་། མིང་ཚིག་ལ་ལ་དོན་མང་པོར་འཇུག་པས་ངེས་པར་དུ་སྐབས་བབ་ཀྱི་ནང་དོན་ལ་འཕྱུགས་མེད་ངང་གོ་བ་བླངས་ནས་བསྒྱུར་རྒྱུ་ནི་ཧ་ཅང་གལ་འགངས་ཆེ། དཔེར་ན། རྒྱ་ཡིག་提高ཞེས་པ་ཚིག་གྲུབ་མི་འདྲ་བའི་ནང་སྒྱུར་སྲོལ་ཡང་མི་འདྲ་བ་དགོས་པ་སྟེ། 提高人口质量ཞེས་པའི་ནང་མི་འབོར་གྱི་བྱང་ཚད་ལེགས་སུ་གཏོང་བ་ཞེས་སྒྱུར་དགོས་པ་དང་། 提高贯彻执行党的路线的自觉性ཞེས་པའི་ནང་ཏང་གི་གཞི་རྩའི་ལམ་ཕྱོགས་དོན་འཁྱོལ་ལག་ལེན་བྱེད་པའི་རང་རྟོགས་བསམ་པ་ཆེ་རུ་གཏོང་དགོས་ཞེས་སྒྱུར་དགོས། གཞན་ཡང་། 提高质量ཞེས་པའི་ནང་སྤུས་ཀ་དག་དུ་གཏོང་བ་དང་། 提高水平ཞེས་པའི་ནང་ཆུ་ཚད་མཐོ་རུ་གཏོང་བ་སོགས་སུ་སྒྱུར་དགོས།

    གཉིས་པ།   རྒྱུན་སྤྱོད་མིང་ཚིག་གཅིག་གྱུར་ཡོང་རྒྱུར་ཤུགས་སྣོན་རྒྱག་དགོས།

    མིག་སྔར་དུས་དེབ་དང་ཚགས་པར་དེ་བཞིན་འབྲེལ་ཡོད་ཡིག་ཆའི་ནང་རྒྱུན་སྤྱོད་མིང་ཚིག་མང་དག་ཞིག་ལོ་ཙཱ་བ་སོ་སོའི་འདོད་མོས་དང་ལྟ་ཚུལ་ལྟར་གང་བྱུང་སྤྱོད་པའི་སྣང་ཚུལ་རེ་གཉིས་ཡོད་པ་སྟེ། དཔེར་ན། 雪莲花ཞེས་པར་མེ་ཏོག་གངས་ལྷ་ཞེས་འབྲི་བ་ཡོད་ཅིང་། དོན་དུ་མེ་ཏོག་དེ་རིགས་གངས་ལྗོངས་ས་མཐོར་ཡོད་ལ། བོད་སྐད་ནང་གངས་ལྷ་མེ་ཏོག་ཅེས་འབོད་སྲོལ་ཡོད་པས། དེ་དང་རིགས་འདྲ་བའི་མིང་ཚིག་རྣམས་སྔར་སྲོལ་རྒྱུན་འཛིན་བྱས་ན་བཟང་སྙམ། གཞན་ཡང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་རྣམ་པ་དང་མཐུན་ཆེད། ཚིག་དུམ་མམ་མིང་ཚིག་འགའ་ཤས་ཀྱི་བསྒྱུར་སྟངས་གསར་དུ་གཏན་འབེབས་བྱས་ནའང་། ལོ་ཙཱ་བ་ལ་ལས་ཡར་སྔོན་གྱི་བསྒྱུར་སྲོལ་མཁྲེགས་སུ་བཟུང་ནས་བེད་སྤྱོད་བྱེད་པའི་སྣང་ཚུལ་མཐོང་རྒྱུ་ཡོད་པས། ལོ་ཙཱ་བས་དུས་བསྟུན་འཕེལ་རྒྱས་ཀྱི་དགོངས་པ་ལྟར་རང་གི་ཤེས་བྱར་དུས་རབས་དང་མཐུན་པའི་གསར་བརྗེ་བྱེད་དགོས་ཤིང་། རྒྱ་ཆེའི་ལོ་ཙཱ་བ་རྣམས་ཀྱིས་ཀྱང་གཅིག་གྱུར་བྱས་པའི་མིང་ཚིག་དག་བེད་སྤྱོད་གང་ལེགས་བྱེད་དགོས་པ་ལས་གང་བྱུང་དུ་སུས་ཀྱང་གོ་མི་ཐུབ་པའི་མིང་ཚིག་གསར་པ་བཟོ་མི་རུང་།

    གསུམ་པ།   མིང་ཚིག་གི་ཁྱབ་མཚམས་དབྱེ་འབྱེད་གསལ་པོ་བྱེད་དགོས།

    མིང་ཚིག་གི་ཁྱབ་མཚམས་གསལ་པོ་ཕྱེ་མ་ཐུབ་ན། མ་ཡིག་གི་གོ་དོན་ནོར་འགྲོ་བ་དང་། བོད་ཡིག་བརྡ་སྤྲོད་ཀྱི་ཚིག་སྔ་ཕྱི་མགོ་རྟིང་ལོག་ནས་གཏན་ཚིགས་རིག་པ་དང་འགལ་འགྲོ་ཡི་ཡོད། དཔེར་ན། 由于轻工业增长幅度达,农副产品增多,市场供应是二十多年来比较好的ཞེས་པའི་ཚིག་དུམ་དེའི་ནང་གི་རྒྱ་ཡིག་由于ཞེས་པའི་ཁྱབ་མཚམས་ནི་གོང་གི་ཚིག་གྲུབ་གཉིས་ཡིན། དེའི་རྒྱུ་མཚན་ནི་གོང་གི་ཚིག་གྲུབ་གཉིས་ཀྱིས་རྒྱུ་རྐྱེན་བསྟན་པ་དང་རྗེས་ཀྱི་ཚིག་གྲུབ་དེས་འབྲས་བུ་བསྟན་པས་ཡིན། དེར་བརྟེན་གོང་གི་ཚིག་དུམ་དེ་ཡང་བའི་བཟོ་ལས་འཕར་ཚད་ཆེ་བ་དང་། ཞིང་ཞོར་ཐོན་རྫས་མང་དུ་ཕྱིན་པར་བརྟེན་ཁྲོམ་རའི་མཁོ་སྤྲོད་ནི་ལོ་ཉི་ཤུ་ཚུན་གྱི་ཅུང་ལེགས་པའི་དུས་སུ་ཁེལ་ཞེས་པར་སྒྱུར་དགོས་པ་ལས། ཡང་བའི་བཟོ་ལས་འཕར་ཚད་ཆེ་བར་བརྟེན་ཞིང་ཞོར་ཐོན་རྫས་མང་དུ་ཕྱིན་པ་དང་། ཁྲོམ་རའི་མཁོ་སྤྲོད་ལོ་ཉི་ཤུའི་ནང་ཅུང་ལེགས་པའི་དུས་སུ་ཁེལ་ཞེས་པར་བསྒྱུར་མི་རུང་།

    བཞི་པ།  དག་ཆར་དོ་སྣང་བྱེད་དགོས།

    ཡིག་རིགས་གང་ཡིན་རུང་མིང་ཚིག་གཅིག་གམ་ཐ་ན་ཡིག་འབྲུ་གཅིག་འབྲི་རྒྱུ་ནོར་ནའང་ནང་དོན་ཚང་མ་ནོར་ཉེན་ཆེ་བས། ཡིག་སྒྱུར་བྱ་བའི་སྔ་བར་ཕྱི་གསུམ་དུ་དག་ཆར་དོ་སྣང་ཆེན་པོ་བྱེད་དགོས། ལོ་ཙཱ་བས་སྨྱུག་རྩེ་ལས་ཐོན་པའི་ཡིག་ཆའམ་བརྩམས་ཆོས་ཅི་རིགས་ལ་དག་ནོར་གྱི་ཆ་ཐོན་ཚེ། དེ་ནི་མ་ཡིག་ནང་མེད་པ་ཞིག་གམ་མ་ཡིག་གི་བསྟན་དོན་ལས་ལོག་པ་ཞིག་བརྒྱུད་སྤྲོད་བྱེད་པ་དང་མཚུངས་པས། ལོ་ཙཱ་བས་དག་ཆ་ཡང་དག་མིན་ལ་མཐོང་ཆེན་བྱེད་དགོས། གཞན་ཡང་ཡིག་སྒྱུར་བྱེད་རིང་ད་དུང་དུས་གསུམ་གྱི་དབྱེ་བར་དོ་སྣང་བྱས་ནས། མ་ཡིག་གི་ནང་དོན་མཐའ་དག་འཁྲུལ་བ་མེད་པར་ཀློག་པ་པོའི་སྤྱན་ལམ་དུ་འབུལ་དགོས།(ལྷོ་ཁ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཚེ་རིང་དབང་འདུས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།