[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • བཞད་མཐོང་སྨོན་རྫོང་གིས་རིག་གནས་ཁྲོམ་རའི་བདེ་འཇགས་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-25

    ཉེ་ཆར་བཞད་མཐོང་སྨོན་རྫོང་རིག་གནས་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་རིག་གནས་ཁྲིམས་འཛིན་རུ་ཆེན་དང་བཟོ་ཚོང་སོཌ་སྡེ་ཚན་དང་མཉམ་འབྲེལ་ཐོག་རིག་གནས་ཁྲོམ་རར་ཞིབ་བཤེར་བྱས་པ་རེད།

    ད་རེས་ཞིབ་བཤེར་བྱེད་རིང་། ལས་དོན་མི་སྣས་རྫོང་གྲོང་གི་དྲ་ཁང་དང་། སྒྲ་བརྙན་བཟོ་རྫས་ཚོང་ཁང་། ལག་ཐོགས་ཁ་པར་གྱི་དྲིལ་བརྡ་ཕབ་ལེན་བྱ་ཡུལ་དུ་བསྐྱོད་ནས་རིག་གནས་གཉེར་སྐྱོང་ཚན་པའི་ངོ་བོ་དང་ཁྱད་ཆོས་ལ་གཞིགས་ཏེ་མི་མངོན་པའི་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱས་ནས་གནད་དོན་མ་ཐོན་སྔོན་འགོག་དང་རིགས་ཁག་གི་ལས་འཛོལ་མི་ཐོན་པའི་འགོག་ཟོན་ནན་པོ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།