[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • གུར་ལ་གངས་རིའི་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་ནས་ཡོང་འབབ་བསགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-19

    ཉིན་ཤས་གོང་། ལྷོ་བྲག་རྫོང་གི་གུར་ལ་གངས་རིའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་ཕུན་སུམ་ཚོཌ་པའི་ངང་མཇུག་འགྲིལ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་ལྷོ་བྲག་རྫོང་གི་ཕུན་སུམ་ཚོགས་པའི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་དང་། ཐུན་མོང་མ་ཡིན་པའི་ཡུལ་ཟོག་བཅས་དྲིལ་བསྒྲགས་འོས་སྦྱོར་བྱས་ནས། རྫོང་ཁོངས་རིག་གནས་སྤེལ་རེས་ལ་སྐུལ་འདེད་ཀྱིས་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་ཡངས་སུ་གཏོང་རྒྱུ་གཙོ་བོར་བཟུང་ཡོད་པ་རེད།

    དུས་ཡུན་ཉིན་ལྔའི་བྱེད་སྒོའི་ཁྲོད། ལྷོ་བྲག་གི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁུལ་དུ་ཐོན་རྫས་འགྲེམས་ཚོང་བྱེད་མཁན་ཚོང་དུད་313ཟིན་པ་དང་། འགྲེམས་ཚོང་ཚོང་རྫས་ནང་དུ་ཉེར་མཁོའི་ཐོན་རྫས་དང་། མི་རིགས་ལག་བཟོའི་ཐོན་རྫས། ཞིང་འབྲོག་ཐོན་རྫས་སོཌ་ཁྱོན་རིགས་500ལྷག་ཡོད་པ་དེ་དག་གི་རིན་ཐང་བསྡོམས་འབོར་སྒོར་ཁྲི་900ལྷག་ཟིན་ཅིང་། ཉིན་རེར་ཆ་སྙོམས་སྒོར་ཁྲི་145ཡི་ཚོང་འགྲིག་ནས་ཁྱོན་སྒོར་ཁྲི་700ལྷག་རག་པ་དེ་ལོ་གོང་མའི་རིག་གནས་ཡུལ་སྐོར་དུས་ཆེན་དང་བསྡུར་ན་6.17%འཕར་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།