[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • ལོ་ལྔའི་རིང་རང་ལྗོངས་ཀྱིས་རིག་གནས་འཕེལ་རྒྱས་ཀྱི་སྟོབས་ཆེའི་ལྗོངས་སུ་ ཕྱོགས་སྒྱུར་མགྱོགས་སུ་བཏང་བས་རིག་གནས་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། རིག་རྩལ་གསར་འཁྲབ་དར་རྒྱས་གོང་འཕེལ་བྱུང་བ། རིག་གནས་ཐོན་ལས་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བ།

    རིག་གནས་དར་རྒྱས་ཀྱི་ཕན་འབྲས་ཕྱོགས་གང་ས་ཅི་ཐད་ནས་མངོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་རིག་གནས་སྡེ་ཚན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ས་ཆ་གལ་ཆེན་བསྐྲུན་རྒྱུར་གཞི་ཚུགས་པ་དང་། སྟོན་ཕྱོགས་ནན་སྲུང་དང་ཤུགས་སྒྲིལ་དངོས་སྒྲུབ་བྱེད་པ། རིག་གནས་ཐོན་ཁུངས་ཀྱི་ལྗོངས་ཆེན་པོ་ནས་རིག་གནས་འཕེལ་རྒྱས་ཀྱི་སྟོབས་ཆེའི་ལྗོངས་སུ་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་རིག་གནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་བྱས་ཡོད།

    ལོ་ལྔའི་རིང་རང་སྐྱོང་ལྗོངས་ཀྱིས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ནས་ལྗོངས་ཡོངས་ཀྱི་རིག་གནས་འཛུགས་སྐྲུན་ལ་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། ཀྲུང་དབྱང་གིས་བོད་ཀྱི་རིག་གནས་འཛུགས་སྐྱོང་ལ་མ་འཇོག་བྱེད་ཚད་བསྡོམས་གྲངས་སྒོར་དུང་ཕྱུར་15ལྷག་ཙམ་ཟིན་པ་དེ་ནི“ལོ་ལྔ་ཚན་བཅུ་གཅིག་པའི”རིང་གི་ལྡབ་ལྔ་ཡན་ཡིན་པ་དང་རྒྱལ་ཁབ་ཀྱི་པུའུ་ཨུད་དང་། ཞིང་ཆེན་དང་གྲོང་ཁྱེར། ཚན་པ་བཅས་ཁག་གིས་བོད་སྐྱོར་བྱེད་ཐབས་བརྒྱུད་བོད་ཀྱི་རིག་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་བཏང་ཡོད་པ་རེད།

    ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་རིག་རྩལ་གསར་འཁྲབ་དར་རྒྱས་དང་གོང་འཕེལ་བྱུང་ཞིང་། བོད་ཀྱི་རིག་གནས་སྡེ་ཚན་གྱིས་མི་རིགས་ཀྱི་གླུ་གར་ཆེ་གྲས《ཁྲི་གདུགས་ཉི་མའི་བུ་མོ》གསར་རྩོམ་དང་། གསར་དུ་རྩོམ་སྒྲིག་བྱས་པའི་ལྷ་མོ《རྒྱུད་སྐུད་སྟེང་གི་ལས་དབང》གཏམ་བརྗོད་ཟློས་གར《བཅིངས་འགྲོལ། བཅིངས་འགྲོལ》དང《ཐུན་མོང་གི་ཁྱིམ་གཞིས》སོགས་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་ཁག་གཅིག་ལ་རྒྱལ་ཡོངས་སུ་ཕུལ་བྱུང་གྲུབ་འབྲས་ཐོབ་ཡོད། ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་ཆེད་ལས་རིག་རྩལ་ཚོགས་པ་དང་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་གསར་རྩོམ་བྱས་པའི་ལེ་ཚན་4000ལྷག་ཙམ་ཟིན་པ་དང་འཁྲབ་སྟོན་ཐེངས་ཁྲི་1.8བྱས་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་རིག་གནས་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་ཡོད། བོད་ཀྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་མཛོད་བཙུགས་ནས་མཛོད་མཇུག་རྣམ་གྲངས་122ཟིན་པ་དང་རགས་རྩིས་བྱས་ན། མ་དངུལ་བསྡོམས་སྒོར་དུང་ཕྱུར་400བཏང་བ་རེད། བོད་རིགས་དང་། ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་ཁྱམས་རིང་གི་གཙོ་གནད་རྣམ་གྲངས་19ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་པར་མ་དངུལ་སྒོར་དུང་ཕྱུར་43.3བཏང་བ་རེད། རིག་གནས་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་རྒྱ་ཆེར་བཏང་བས་ད་ཆ་ལྗོངས་ཡོངས་སུ་རིག་གནས་ཁེ་ལས་སྣ་ཚོགས་4680དང་ལས་ཞུགས་མི་སྣ་ཁྲི་3.2ཙམ་ཟིན་གྱི་ཡོད། རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི(གླིང)41ལ་མིང་བཏགས་པ་དང་མ་དངུལ་བསྡོམས་སྒོར་དུང་ཕྱུར་31.77བཏང་ནས་ལོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་6.65ཟིན་གྱི་ཡོད་པ་རེད། བོད་ཀྱི་མི་རིགས་རོལ་དབྱངས་ཐོན་ལས་རྟེན་གཞི་ཐོག་མ་དང་དེ་བཞིན་བོད་ལྗོངས་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་དང་། བོད་ལྗོངས་འགུལ་བརྙན་འཕེལ་རྒྱས་མཐུན་ཚོགས། བོད་ལྗོངས་རིག་གནས་སྲུང་སྐྱོབ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་སོགས་ལས་རིགས་ཚོགས་པ་དང་རྩ་འཛུགས་ཆོག་མཆན་ཐོབ་ནས་བཙུགས་པ་མ་ཟད། “བོད་ཀྱི་ཁྱད་ལྡན་རིག་གནས་སྐར་ཁུང”ཡང་བཙུགས་པ་རེད།

    བོད་དུ་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་དང་ཐུན་མིན་རིག་གནས་ཐོན་ཁུངས་ཡོད་ཅིང་། ལོ་ལྔའི་རིང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་89དང་རྒྱུན་འཛིན་པ་68ཡོད་པ་དང་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་323དང་རྒྱུན་འཛིན་པ་350ཡོད་པ་རེད།

    ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པར་མ་དངུལ་སྒོར་དུང་ཕྱུར་1.1ལྷག་ཙམ་བཏང་བ་རེད། རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པའི་ལོ་རེའི་ཁ་གསབ་སྒོར་5000ནས་སྒོར་ཁྲི་1བར་མཐོ་རུ་བཏང་བས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མ་དངུལ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་རིག་གནས་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཞིང་། ཆེད་ལས་མི་རིགས་སྒྱུ་རྩལ་ཚོགས་པ་10དང་། རྫོང་རིམ་པའི་མི་རིགས་སྒྱུ་རྩལ་ཚོགས་པ་74 དམངས་ཁྲོད་ལྷ་མོའི་རུ་ཁག་140 གྲོང་གསེབ་ལས་ཞོར་རིག་རྩལ་རུ་ཁག་2446ལས་ཞོར་འཁྲབ་སྟོན་པ་ཁྲི་4ཙམ་ཟིན་གྱི་ཡོད། གཞི་རིམ་གྱི་རིག་རྩལ་ཚོགས་པར་སྔར་བས་རོགས་སྐྱོར་བྱ་ཆེད། 2017ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་རྫོང་དམངས་ཁྲོད་མི་རིགས་སྒྱུ་རྩལ་ཚོགས་པ་ཁག་ལ་སྒོར་ཁྲི་20ནས་30བར་གྱི་འཁྲབ་སྟོན་གྱི་ཁ་གསབ་སྤྲད་པས་གཞི་རིམ་གྱི་འཁྲབ་སྟོན་པའི་ལས་དོན་དང་འཚོ་བའི་ཆ་རྐྱེན་ནུས་ལྡན་ངང་ལེགས་སུ་ཕྱིན་ཡོད།

    དེ་དང་དུས་མཚུངས། ལོ་ལྔའི་རིང་རིག་གནས་བོད་སྐྱོར་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད་ཅིང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་བོད་ལ་རོགས་སྐྱོར་བྱེད་པའི་རིག་གནས་རྣམ་གྲངས་54ལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་4.29ཙམ་བཏང་བ་རེད། ཟློས་གར་ཆེ་མོ་དང་དེ་བཞིན་རྣམ་གྲངས་གཞན་དག་ཁྱོན་13ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་2525བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།